འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་15ཉིན།

༄༅།།བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གི་སྨན་བཅོས་ཚོགས་པའི་ཚན་ཞིབ་གྲུབ་འབྲས་ལ་ཁེ་བེད་བདག་ཐོབ་ཐོག་མ་རག་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་15ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཉིང་པོའི་ཁག་བཅུ་པའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་པ་དང་ཉིང་པོ་གྲོང་ཁྱེར་གྱི་སྨན་ཁང་གཉིས་པའི་སྦྲིད་སྨན་ཁོའོ་ཡི་ཀྲུའུ་རེན་སྨན་པ་གཞོན་པ་ཧྲེན་ཧྭ་ཁྲུན་གྱིས་མཛུབ་ཁྲིད་བྱས་པ་དང་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྨན་བཅོས་ཚོགས་པའི་སྦྲིད་སྨན་གྱི་སྨན་པ་ཏུའུ་ཧུང་པིང་གིས་རེ་ཞུ་ཕུལ་བའི“གཞོགས་ཉལ་རམ་འདེགས་གྱོན་གོས་སྒྲིག་ཆས”ཤིག་ལ་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་བཀོལ་སྤྱོད་ཀྱི་རིགས་གསར་པའི་ཁེ་བེད་བདག་ཐོབ་ཀྱི་དབང་ཆ་སྤྲད་ཅིང་། དེ་ནི་འབྲི་རུ་རྫོང་གི་སྨན་བཅོས་ཚོགས་པས་རེ་ཞུ་བྱས་པའི་ཁེ་བེད་བདག་ཐོབ་ཐོག་མ་དེ་རེད།
    ཁེ་བེད་བདག་ཐོབ་དེ་བདེ་བླག་ངང་རེ་ཞུ་ཐུབ་པ་ནི་ཉིང་པོའི་ཁག་བཅུ་པའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་པས་བོད་སྐྱོར་བྱས་ཚུན་གྱི་ལས་ཀའི་གྲུབ་འབྲས་ཀྱི་མཚོན་ཚུལ་ཞིག་ཡིན་ཞིང་། ཁོང་ཚོས་ས་གནས་དེ་གར་ཕུལ་བྱུང་གི་ཤེས་ལྡན་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་པར་གཞོལ་བཞིན་ཡོད།