འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་14ཉིན།

༄༅།།དབང་བསྐུར་བ་ལྟར་ཤིན་ཧྭ་གསར་འགྱུར་ཁང་གིས《སྲིད་གཞུང་གི་ལས་དོན་སྙན་སྒྲོན》
གཏོང་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་14ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། དབང་བསྐུར་བ་ལྟར་ཤིན་ཧྭ་གསར་འགྱུར་ཁང་གིས་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གནང་བའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ཆ་ཚང་གཏོང་སྤེལ་བྱས་ཡོད། ཟླ་3ཚེས་11ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ནས་སྙན་སྒྲོན་ལ་ཆོག་མཆན་གནང་ཡོད།
    སྙན་སྒྲོན་དེ་ཁྱོན་ཆ་ཤས་གསུམ་ལ་དབྱེ་བ་སྟེ། དང་པོ་ནི་2023ལོའི་ལས་དོན་ལ་ཕྱིར་མིག་ལྟ་བ་དང་། གཉིས་པ་ནི་2024ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་བླང་ཕྱོགས། གསུམ་པ་ནི་2024ལོའི་སྲིད་གཞུང་གི་ལས་དོན་གྱི་ལས་འགན་བཅས་ཡིན་པ་རེད།
    སྙན་སྒྲོན་ནང་། འདི་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་5%ཡས་མས་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་1200ཡན་གསར་དུ་ལས་ཞུགས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་བརྟག་དཔྱད་བྱེད་ཚད་5.5%ཡས་མས་ཟིན་པ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད3%ཡས་མས་ཟིན་པ། གྲོང་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་གཅིག་མཚུངས་ཡིན་པ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་རྒྱུན་འཁྱོངས་ཐུབ་པ། འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་ཟིན་པ། རྩིས་གཞིའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་རྒྱུའི་ཟད་གྲོན་2.5%ཡས་མས་ཆག་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བ་བཅས་ཡིན་པ་རེད།