འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་14ཉིན།

༄༅།།གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་སྲུང་སྐྱོང་ཡག་པོ་བྱས་ནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་
འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་14ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཁའེ་ཞོན།
    སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཧུང་ཡོན་རྫོང་གི་ཧུང་ཡོན་ཞེས་པའི་དོན་ནི“དམར་དམག་བསྐྱོད་མྱོང་བའི་རྩྭ་ཐང་ཆེན་པོ”ཞེས་པ་དེ་རེད།
    ཧུང་ཡོན་རྫོང་གིས་སྔ་རྗེས་སུ་གསར་བརྗེའི་ཐོན་ཁུངས་ཀྱི་ཆེད་དོན་ཁ་གསབ་བརྟག་དཔྱད་ཞིབ་བཤེར་ཁག་ཐེངས་5བྱས་ཏེ། དམར་དམག་རྒྱང་སྐྱོད་སྐབས་རྩྭ་ཐང་བརྒལ་བའི་དཔུང་སྐྱོད་ལམ་ཐིག་ཞིབ་ཚཌ་བཀོད་པ་དང་། 《ཧུང་ཡོན་རྫོང་གི་རྒྱང་སྐྱོད་ཀྱི་ཚད་ལྡན་ཡིག་ཆ་དང་དཔྱད་ཡིག་གཅེས་བཏུས》དང《དམར་དམག་རྒྱང་སྐྱོད་སྐབས་བསྐྱོད་མྱོང་བའི་རྩྭ་ཐང་ཆེན་པོ—ཧུང་ཡོན》སོགས་ཀྱི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་བཟོ་བཅོས་བརྒྱབ་ནས། གསར་བརྗེའི་རིག་གནས་རྒྱུན་འཛིན་དང་ཞིབ་འཇུག་ཐད་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་མཁོ་འདོན་བྱས་ཡོད།
    ཁ་བས་བཀླུབས་པའི་རི་གསེབ་ཏུ་གཡག་ཆད་ལའི་དམར་དམག་སྔོན་གཤེགས་དཔའ་བོའི་བང་སོ་འགྱིང་ངེར་གནས་ཤིང་། འདི་ནི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་དམར་དམག་སྔོན་གཤེགས་དཔའ་བོའི་བང་སོ་ཡིན་པ་དང་དེ་གར་དམར་དམག་འཐབ་འཛིང་པ་12ནམ་ཡང་ང་ཚོ་དང་ཞལ་གྱེས་ནས་ཡོད། རི་མཐོ་གཡང་གཟར་གྱི་ཨར་སྐྲུན་ཁོར་ཡུག་ཁྱད་དུ་བསད་དེ། ཧུང་ཡོན་རྫོང་གིས་རྒྱུན་མཐུད་ངང་དཔའ་བོའི་བང་སོའི་རྡོ་རིང་དང་། གྱང་ངོས། ས་ངོས་སོགས་ལ་ཉམས་བཟོ་དང་སྲུང་སྐྱོང་བྱེད་པ་དང་མཆོད་འབུལ་དུ་འགྲོ་བའི་རྐང་ཐང་ལམ་བཟོས་ནས་དཔའ་བོའི་རྣམ་ཤེས་གནས་ཡུལ་དེ་སྲུང་ཉར་ཧུར་ཐག་བྱས་ཡོད། “ང་ཚོས་དུས་དང་རྣམ་པ་ཀུན་ཏུ་གནམ་གཤིས་འགྱུར་ལྡོག་དང་རིག་དངོས་གནས་ཚུལ་ལ་དོ་སྣང་བྱེད་པ་དང་སྔ་སྣུར་དུ་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་ཀྱི་ཡོད”ཅེས་ཧུང་ཡོན་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསོད་ནམས་ཆོས་འཕེལ་གྱིས་གསར་འགོད་པར་བཤད། ཉེ་བའི་ལོ་ཤས་རིང་ཧུང་ཡོན་རྫོང་གིས་བསྡོམས་མ་དངུལ་སྒོར་ཁྲི་4268བཏང་སྟེ། གཡག་ཆད་ལའི་དམར་དམག་སྔོན་གཤེགས་དཔའ་བོའི་བང་སོའི་རིག་དངོས་སྲུང་སྐྱོང་ལས་གྲྭ་ཉམས་བཟོ་དང་ལྷ་རྒྱལ་གླིང་དགོན་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་སྲུང་སྐྱོང་ཡག་པོ་བྱེད་པ་སོགས་ཀྱི་རྣམ་གྲངས་ཁག་5བསྐྲུན་པ་རེད།
    ཧུང་ཡོན་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་འཁྱོངས་ཁུལ་གལ་ཆེན་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་ཁ་གསབ་ཁུལ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་ཧུང་ཡོན་རྫོང་གིས་འདམ་ར་སྲུང་སྐྱོང་སླར་གསོ་དང་སྐྱས་སྤོས་རྩྭ་གསོ་སོགས་ཀྱི་ལས་གྲྭར་སྤྱི་འདོམས་སྐུལ་འདེད་བཏང་ནས། རྩྭ་ཁ་མུའུ་ཁྲི་476བཀག་པ་དང་རྩྭ་ཕྱུགས་མུའུ་ཁྲི་643.15དོ་སྙོམས་བྱུང་བ་དང་རྩྭ་ཐང་གི་སྔོ་ཁེབས་ཕྱོགས་བསྡུས་ཁྱབ་ཚད་86.2%ཟིན་ཏེ“ས་ཁོངས་ཧྲིལ་པོ་དང་། མི་སྣ་ཡོངས། ཉིན་གང”བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་རྣམ་དུ་གྱུར་ཡོད།
   སྐྱེ་ཁམས་སྲུང་སྐྱོང་ལ་ཀུན་སེམས་གཅིག་ཏུ་བསྒྲིལ་ནས་སྐུལ་འདེད་གཏོང་བར་གསར་བརྗེའི་ཐོན་ཁུངས་ནི་སྒུལ་ནུས་གལ་ཆེན་ཞིག་རེད། རི་རྒན་གྲོང་ཚོའི་གྲོང་མི་ཨ་ལོ་ཡིས་དང་ཐོག་སྲིད་གཞུང་གིས་ཕྱུགས་བཀག་དང་ཕྱུགས་ཟོག་ཉུང་གཏོང་གི་འབོད་སྐུལ་བྱས་མོད། འོན་ཀྱང་འབྲོག་པ་མི་ཉུང་བ་ཞིག་ལ“འབྲི་གཡག་ཉུང་དུ་སོང་ན་ཡོང་འབབ་ཉུང་དུ་འགྲོ་ངེས་ཡིན་པའི”སེམས་ཁྲལ་བྱུང་ཡོད། གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་ཐུབ་པ་དང་སྦྲགས་འབྲེལ་ཡོད་ཡུལ་སྐོར་དང་ཟབ་སྦྱོང་གི་ཚ་རླབས་འཕྱུར་ནས་མི་མང་པོ་ཞིག་ལ་ཡུལ་སྐོར་གྱི་ཡོང་འབབ་བྱུང་ཡོད། བཟའ་འཐུང་ཞབས་ཞུ་མཁོ་འདོན་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་ཨ་ལོའི་ཁྱིམ་གྱི་འབབ་ཁུངས་མང་དུ་ཕྱིན་པ་དང་སྲིད་གཞུང་གིས་སྐྱེ་ཁམས་བྱ་དགའི་ཁ་གསབ་དོན་འཁྱོལ་བྱས་ནས་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད། ད་ཆ་གསར་བརྗེའི་ཐོན་ཁུངས་དང་ལྗང་མདོག་གཅིག་ལ་གཅིག་བརྟེན་གྱིས་རྩྭ་ཐང་གི་འཕེལ་རྒྱས་ཆེད་རྫོགས་མཐའ་མེད་པའི་སྒུལ་ནུས་གསར་པ་བསྣན་ཡོད།