འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་13ཉིན།

༄༅།།གཟིཊ་སྐྱོང་སྲིད་ཇུས་འདི་ལག་བསྟར་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་13ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་12ཉིན་ནོར་སྲིད་པུའུ་ནས་《རང་རྒྱལ་གྱིས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཀྱི་མཛུབ་ཁྲིད་》ཁྱབ་བསྒྲགས་བྱས་པའི་ནང་། ཚན་རྩལ་གསར་གཏོད་གཙོ་བོའི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་50ལྷག་ཙམ་དང་། ཁྲལ་བསྡུའི་དོ་དམ་གཏན་འབེབས་དང་ལས་རིགས་དོ་དམ་བྱ་ཐབས་40ལྷག་ཙམ་སོགས་ཚུད་ཡོད་པ་རེད།《རང་རྒྱལ་གྱིས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཀྱི་མཛུབ་ཁྲིད་》ཀྱིས་ཚན་རྩལ་གསར་གཏོད་བྱེད་སྒོའི་ལྷུ་ཚིགས་ལ་གཞིགས་ནས། ལས་གཏོད་དངུལ་འཇོག་དང་། ཞིབ་འཇུག་དང་ཚོད་ལྟའི་གསར་སྤེལ། གྲུབ་འབྲས་གཞན་སྒྱུར། གཙོ་གནད་ཐོན་ལས་འཕེལ་རྒྱས། ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་པོ་སོགས་ཀྱི་ཐད་ནས་སྲིད་ཇུས་རིགས་དབྱེ་བ་མ་ཟད། གཟིགས་སྐྱོང་གི་སྲིད་ཇུས་ཁག་ཚང་མ་ལོངས་སྤྱོད་བྱེད་མཁན་དང་། རེ་འདོན་གྱི་ཆ་རྐྱེན། རེ་འདུན་ཞུ་སྟངས་སོགས་ཀྱི་ནང་དོན་ཞིབ་ཕྲ་བཀོད་ནས། ཁྲལ་འཇལ་བས་ཞིབ་བསྡུར་བེད་སྤྱོད་བྱ་རྒྱུར་སྟབས་བདེ་བསྐྲུན་ཏེ། ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་རེད།