འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་13ཉིན།

༄༅།།ད་སྐབས་གསེར་ཉོ་བའི་དུས་ཚོད་ཡག་ཤོས་ཡིན་ནམ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་13ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ད་ལོ་ནས་བཟུང་ཉེན་གཡོལ་དང་རྒྱུ་ནོར་གནས་ཐང་སྲུང་འཕར་གྱི་ལག་ཆ་ཡིན་པའི་གསེར་ལ་དངུལ་འཇོག་མཁན་གྱིས་མཐོང་ཆེན་བྱེད་ཀྱིན་ཡོད། གསེར་ཕྱིར་འཚོང་བྱེད་པའི་ཚ་རླབས་འོག ཚོང་ལས་དངུལ་ཁང་གིས་ཀྱང་རྩ་ཆེའི་གསེར་གྱི་ཐོན་རྫས་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། དངུལ་ཁང་མང་པོས་འབྲུག་ལོའི་གསེར་དང་། གསེར་གྱི་ཐམ་ག གསེར་ཊམ་བཅས་དང་། དེ་བཞིན་གསེར་གྱི་ལག་གདུབ། མགུལ་རྒྱན་ལ་སོགས་པའི་རྩ་ཆེའི་གསེར་གྱི་ཐོན་རྫས་ཁྱབ་སྤེལ་བྱས་པ་རེད། ཉེ་ཆར། གསར་འགོད་པས་ཡུལ་དངོས་སུ་དངུལ་ཁང་འགར་བལྟ་ཞིབ་བྱས་ཤིང་། འཛད་སྤྱོད་པས་དངུལ་ཁང་གི་མཚན་སྙན་མཐོ་བ་དང་འགན་སྲུང་ཡོད་པ་ནི་ཁོང་ཚོས་དངུལ་ཁང་དུ་རྩ་ཆེའི་གསེར་གྱི་ཐོན་རྫས་ཉོ་བར་ཡོང་བའི་རྒྱུ་རྐྱེན་གཙོ་བོ་དེ་རེད་འདུག