འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་13ཉིན།

༄༅།།མཐོ་སྒང་གི་འོ་སེ་ཡིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་13ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཐོ་སྒང་གི་འོ་སེ་ཡིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་།
   འོ་སེ་ནི་སི་ཁྲོན་གྱི་ནུབ་རྒྱུད་དང་། ཀན་སུའུ་ཡི་ཤར་ལྷོའི་རྒྱུད། བོད་ལྗོངས་ཤར་ལྷོའི་རྒྱུད་སོགས་ས་མཐོའི་ཁུལ་དུ་སྐྱེས་ཤིང་། ས་ཁོངས་ཀྱི་གནམ་གཤིས་སྙོམས་སྒྲིག་དང་རླུང་འགོག་བྱེ་འཇགས་སོགས་ཀྱི་ནུས་པ་ལྡན་པས། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་གི་ཡུལ་མི་ཚོས“འོ་སེ”ཞེས་བརྗོད་ཀྱིན་ཡོད། ལོ་མའི་མདོག་འགྱུར་པའི་མངར་འབྲས་ལ་རོལ་མྱོང་གི་རིན་ཐང་དང་སྐྱེ་ཁམས་ཀྱི་རིན་ཐང་། སྨན་དང་ཟས་གཉིས་ཀྱི་རིན་ཐང་ལྡན། དེའི་ལོ་མ་ནི་ཚབ་སྤྱོད་ཇའི་རིགས་ཤིག་ཡིན། དེའི་འབྲས་བུས་བཏུང་ཆུ་སོགས་ཐོན་རྫས་བཟོ་ཆོག 
   ཉེ་བའི་ལོ་ཤས་རིང་། ཁྲོམ་རའི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་ཆབས་ཅིག རྟའུ་རྫོང་གིས་འཆར་གཞི་ཡོད་པའི་སྒོ་ནས་འོ་སེ་སྡོང་ཕྲུག་བཙུགས་ནས་ཐོན་ལས་འབྲེལ་ཐག་གི་ཁེ་ལས་ཟམ་མི་ཆད་པར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་གིན་ཡོད། གྲོང་ཚོ་མཉམ་སྡེབ་ཀྱི་ཁེ་འབབ་བགོ་བ་དང་། ས་གནས་དེ་གའི་གྲོང་གསེབ་ཀྱི་ངལ་ནུས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ། ཞིང་དུད་ནས་ཞིང་ལས་ཐོན་རྫས་ཉོ་སྒྲུབ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། རྫོང་དེའི་ཤང་གྲོང་6གི་དུད་ཚང་2000ལྷག་ཙམ་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཏེ། ས་གནས་དེ་གའི་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་པ་རེད།
【1】  【2】  【3】
༄༅།།མཐོ་སྒང་གི་འོ་སེ་ཡིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་།