འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་13ཉིན།

༄༅།།སློབ་མར་འགྲམ་ལྕག་གཞུ་མཁན་དགེ་རྒན་ལ་ཆད་པ་བཅད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་13ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   གསར་འགོད་པས་ཀོང་ཞི་ཀུའེ་ཀང་གྲོང་ཁྱེར་ཀང་ནན་ཆུས་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ཟླ་3ཚེས་12ཉིན་གྱི་སྔ་དྲོར། ཝང་ཁྲོན་ཀང་ལྷོ་ཕྱོགས་ཁུལ་པིང་ཅང་ལམ་སློབ་ཆུང་གི་དགེ་རྒན་གྱིས་སློབ་ཕྲུག་ལ་རྩུབ་སྤྱོད་འཛིན་པའི་བརྙན་འཕྲིན་བརྒྱུད་དེ་ཅུས་དེས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་ཐོག་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་བརྟག་དཔྱད་དང་ཐག་གཅོད་བྱས་པ་རེད། 
   ཞིབ་དཔྱད་རགས་ཙམ་བྱས་པ་བརྒྱུད། བརྙན་ལམ་དུ་མངོན་པའི་གནད་དོན་དོན་དངོས་དང་མཐུན་པས། ཅུས་དེས་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ནས་སློབ་མར་སེམས་ཁམས་ཀྱི་ཁྲིད་སྟོན་བྱས། འབྲེལ་ཡོད་དགེ་རྒན་སློབ་ཁྲིད་བྱེད་མཚམས་འཇོག་ཏུ་འཇུག་རྒྱུའི་ཐག་བཅད། ད་ཆ་བརྟག་དཔྱད་ལས་དོན་སྤེལ་ཟིན་པ་དང་རྩད་ཆོད་མཐའ་གསལ་བྱུང་བར་གཞིགས་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོར་བྱས་ཡོད་པ་རེད།