འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་13ཉིན།

༄༅།།མཚོ་སྔོན་གྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་སིལ་ཚོང་ནང་འདྲེན་ཁྲལ་དངུལ་གློག་རྡུལ་ནས་སྤྲོད་ཐུབ་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་13ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཟི་ལིང་འགག་སྒོའི་ཁོངས་གཏོགས་ནུབ་མཚོ་འགག་སྒོའི་ལས་དོན་པའི་མཛུབ་ཁྲིད་འོག མཚོ་སྔོན་འཛམ་གླིང་འདོན་སྤྲོད་འཁོར་འབྲེལ་ཚད་ཡོད་ཀུང་སིའི་ལས་དོན་པས་རབས་གསར་པའི་གློག་རྡུལ་དངུལ་སྤྲོད་མ་ལག་བརྒྱུད། ཞིང་ཆེན་དེའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་སིལ་ཚོང་ནང་འདྲེན་ཚོང་ཟོག་གི་ཁྲལ་དངུལ་ཁག་དང་པོ་བདེ་བླག་ངང་སྤྲོད་ཐུབ་ཡོད་ཅེས་ཟི་ལིང་འགག་སྒོས་ཁྱབ་བསྒྲགས་བྱས་པ་དེའི་ཐོག་ནས། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་སིལ་ཚོང་ནང་འདྲེན་ཁྲལ་དངུལ་གློག་རྡུལ་ནས་སྤྲོད་པའི་བྱེད་ནུས་མཚོ་སྔོན་དུ་སྤྱོད་ཐུབ་པ་མཚོན་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྟངས་གསར་པའི་འོག འགག་སྒོས་གློག་རྡུལ་དངུལ་སྤྲོད་ཡི་གེ“སྐར་ཁུང་རྐྱང་པར”བསྐུར་རྗེས། ཁེ་ལས་ཀྱིས“སྐར་ཁུང་རྐྱང་པའི”ལས་སྟེགས་དྲ་ངོས་ཀྱི“རྒྱལ་སྒྲོལ་དྲ་ཐོག་ཚོང་དོན—ཁྲལ་བསྡུ་དོ་དམ”ནས་ཁྲལ་སྤྲོད་རེ་ཞུ་བྱས་ཚེ་གློག་རྡུལ་ནས་ཁྲལ་འཇལ་ཐུབ་པ་དང་། འགག་སྒོའི་ཁྲལ་དངུལ་ཆ་འཕྲིན་འགག་སྒོ་དང་། རྒྱལ་མཛོད། ཚོང་ལས་དངུལ་ཁང་སོགས་སྡེ་ཚན་དབར་གློག་རྡུལ་འཁོར་རྒྱུག་དང་ཁྲལ་དངུལ་གློག་རྡུལ་མཛོད་འཇུག་ཐུབ་ནས། ཁེ་ལས་ཀྱིས་ཕྱིར་སྐྱོད་མི་དགོས་པར་དུས་ཚོད་ཐུང་ངུའི་ནང་ཁྲལ་དངུལ་འཇལ་ཐུབ་ཀྱི་ཡོད་པ་རེད། སྲིད་ཇུས་ལག་བསྟར་དོན་འཁྱོལ་ཐུབ་ཆེད། ནུབ་མཚོ་འགག་སྒོས་འགག་སྒོ་ཁུལ་ནས་འབྲེལ་ཡོད་ལས་སྒོ་གཉེར་མཁན་ཁེ་ལས་དང་སྔོན་ནས་འབྲེལ་གཏུག་བྱས་ཏེ“གཅིག་གཏད་གཅིག”གིས་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་འབྲེལ། ཁེ་ལས་ལ་འཕྲད་པའི་དཀའ་ངལ་དུས་ཐོག་ཏུ་སེལ་བ་དང་། ཁེ་ལས་ལ་ཁྲལ་དངུལ་གློག་རྡུལ་ནས་སྤྲོད་པའི་བྱེད་ནུས་བེད་སྤྱོད་ཡག་པོ་བཏང་ནས་སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སྤྱོད་གང་ལེགས་བྱེད་པའི་མཛུབ་ཁྲིད་བྱས་པ་རེད། ནུབ་མཚོ་འགག་སྒོའི་ལས་སྒོ་ཁོའོ་དང་པོའི་ཁོའོ་ཀྲང་རེན་ཡཱ་ཅོན་གྱིས། ཟི་ལིང་འགག་སྒོས་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་སྒྱུར་བཅོས་བྱེད་ཐབས་ཁག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྒྲོལ་དྲ་ཐོག་ཚོང་དོན་སོགས་ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་འཕེལ་རྒྱས་མགྱོགས་མྱུར་འགྲོ་བར་སྐུལ་འདེད་བཏང་ནས། ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་རྒྱུ་རེད་ཅེས་བཤད།
     (དམ་ཆོས་མི་ཕམ་གྱིས་བསྒྱུར། སྐལ་བཟང་མཆོག་སྐྱིད་ཀྱིས་ཞུས)