འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་12ཉིན།

༄༅།།བོད་ལྗོངས་ཀྱི་འཐུས་མི་ཚོ་ཚོཊ་ར་ནས་ཐོན་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་12ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་11ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ཁག་བདེ་བླག་ངང་ལེགས་འགྲུབ་བྱུང་ནས། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཁའི་ངང་གྲོལ་བ་རེད། བོད་རང་སྐྱོང་ལྗོངས་ནས་ཕེབས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོ་ཡིད་ཆེས་ཀྱིས་ཁེངས་ནས་རྒྱལ་ཡོངས་ས་གནས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་མཉམ་དུ་མཇུག་སྒྲིལ་ཚོགས་འདུར་ཞུགས་པ་རེད། 
     གངས་ལྗོངས་ས་མཐོ་ནས་ཡོང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོ་རྒྱལ་ས་པེ་ཅིང་ནས་རང་རང་སོ་སོའི་ལས་གནས་ཐོག་བསྐྱོད་རྒྱུ་རེད། ཡངས་ཤིང་རྒྱ་ཆེ་བའི་ས་མཐོར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། ལག་བསྟར་དོན་འཁྱོལ་བཅས་ཡག་པོར་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ཏེ། ཐུན་མོང་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཡག་པོ་ཞིག་རྩོམ་རྒྱུ་རེད།