འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་11ཉིན།

༄༅།།ཡུལ་འདི་དག་ལ་ཁ་བ་འབབ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་11ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་3པའི་ཚེས་10ཉིན། བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནས་འཕྲིན་སྤེལ་ནས། སྔོན་དཔག་བྱས་ན། ཚེས་11ནས་14ཉིན་བར། ཉིང་ཁྲི་དང་མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད། ནག་ཆུའི་ཤར་རྒྱུད་དང་དབུས་ཁུལ་དུ་ཁ་བ་ཆུང་ངུ་ནས་འབྲིང་བ་འབབ་རྒྱུ་དང་། ལྷོ་ཁའི་ལྷོ་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ཆབ་མདོའི་བྱང་རྒྱུད་དང་དབུས་རྒྱུད། ལྷ་སའི་བྱང་རྒྱུད་དང་ཤར་རྒྱུད་བཅས་སུ་གནམ་འཐིབས་ནས་ཁ་ཆར་འདྲེས་མ་འབབ་རྒྱུ་ཡིན་ཞིང་། ས་ཆ་ཁ་ཤས་སུ་ཁ་བ་འབྲིང་བ་འབབ་རྒྱུ། ས་ཆ་གཞན་པར་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབས་རྒྱུ་དང་། ས་ཆ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། ཁ་བ་བབས་རྗེས་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ་ཡོད།