འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་9ཉིན།

ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་ནན་བཤད་གནང་དོན།

༄༅།།འགན་འཁྲི་འཁུར་སེམས་ཆེ་རུ་དང་སྒྱུར་བཅོས་གསར་གཏོད་གཏིང་ཟབ་བྱས་ནས་གསར་དར་ཁྱབ་ཁོངས་ཀྱི་
འཐབ་ཇུས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་09ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་3ཚེས་7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ནས་གསུངས་བཤད་གལ་ཆེན་གནང་བ།
ཟླ་3ཚེས་7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ནས་གསུངས་བཤད་གལ་ཆེན་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་ནན་བཤད་གནང་དོན། གསར་དར་ཁྱབ་ཁོངས་ཀྱི་འཐབ་ཇུས་ནུས་པ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེ་ཉིད་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ། རྒྱལ་ཁབ་ཀྱི་བདེ་འཇགས་དང་དམག་དོན་འཐབ་རྩོད་རང་འགུལ་དང་ཡང་འབྲེལ་བ་ཡོད་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། འགན་འཁྲི་འཁུར་སེམས་ཆེ་རུ་དང་སྒྱུར་བཅོས་གསར་གཏོད་གཏིང་ཟབ་བྱས་ནས་གསར་དར་ཁྱབ་ཁོངས་ཀྱི་འཐབ་ཇུས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས།
    ཚོགས་འདུའི་ཐོག མཚོ་དམག་གི་འཐུས་མི་ཨའེ་ཡིང་ཁྲུན་དང་། འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་འཐུས་མི་ཝུའུ་ཧྲེང་ཡན། ལྷོ་རྒྱུད་འཐབ་ཁུལ་གྱི་འཐུས་མི་ཆའོ་ཧྲ་ཧྲ། འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་འཐུས་མི་ཧོ་ཡུས་ཧྥན། དམག་དོན་ཚན་རིག་ཁང་གི་འཐུས་མི་ཡའོ་ཏང་ནའེ། སྐམ་དམག་གི་འཐུས་མི་ཀྲེང་ཅིན་བཅས་ཀྱིས་རིམ་པ་བཞིན་གཏམ་བཤད་གནང་ནས་རྒྱ་མཚོའི་གནས་བབ་ཤེས་ཚོར་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། དྲ་རྒྱའི་བར་མཐོངས་འགོག་སྲུང་ནུས་པ་ཆེ་རུ་གཏོང་བ། མི་ཐབས་རིག་ནུས་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ། བར་སྣང་ཐོན་ཁུངས་སྤྱི་འདོམས་དོ་དམ་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། གསར་དར་ཁྱབ་ཁོངས་ཀྱི་ཚད་གཞི་ཀུན་འཕྲོད་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་མེད་དམག་འཐབ་ཀྱི་སྟོབས་ཤུགས་གསར་གཏོད་འཛུགས་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་སྐོར་ལ་གྲོས་འགོ་དང་བསམ་འཆར་བཏོན་གནང་བ་རེད།
     ཞི་ཅིན་ཕིང་གིས་འཐུས་མི་མི་རེ་ངོ་རེའི་གཏམ་བཤད་ནན་ཏན་ངང་གསན་ནས་ཁོང་ཚོ་དང་སྤེལ་རེས་ཀྱང་ཡང་ཡང་གནང་བ་རེད། འཐུས་མི་6གིས་གཏམ་བཤད་གནང་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། གཙོ་གནད་གསར་དར་ཁྱབ་ཁོངས་ཀྱི་འཐབ་ཇུས་ནུས་པ་ཆེ་རུ་གཏོང་བའི་སྐོར་ལ་དམིགས་ནས་བླང་བྱ་བཏོན་གནང་བ་རེད། ཁོང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་དམག་འཐབ་སྟོབས་ཤུགས་གསར་པ་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས། ཏང་ཀྲུང་དབྱང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ལ་དམིགས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་མྱུར་གཏོང་དགོས་ལུགས་ཁ་གསལ་བཏོན་ཡོད། དེས་གསར་དར་ཁྱབ་ཁོངས་ཀྱི་འཐབ་ཇུས་ནུས་པ་འཛུགས་སྐྱོང་ལ་ཐོབ་དཀའ་བའི་གོ་སྐབས་མཁོ་འདོན་བྱས་ཡོད། བབ་བསྟུན་འཕྲལ་སྒྲུབ་ཀྱིས་གསར་དར་ཁྱབ་ཁོངས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཆོས་ཉིད་སྟངས་འཛིན་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མས་དམག་འཐབ་ནུས་པ་གསར་མ་དང་ནུས་ཆེའི་མཉམ་འདྲེས་དང་ཕྱོགས་གཉིས་སུ་སྐུལ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཕེལ་རྒྱས་ཀྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་གསར་དར་ཁྱབ་ཁོངས་ཀྱི་འཐབ་ཇུས་ནུས་པ་འཛུགས་སྐྱོང་གི་འབྲེལ་ཡོད་འཐབ་ཇུས་དང་འཆར་འགོད་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། མཚོ་ཐོག་གི་དམག་དོན་འཐབ་རྩོད་གྲ་སྒྲིག་དང་། རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་བཅས་སྤྱི་འདོམས་བྱས་ཏེ་རྒྱ་མཚོ་ཇུས་བཀོད་དང་བདག་གཉེར་བྱེད་ནུས་ཆེ་རུ་གཏོང་དགོས། འཇིག་རྟེན་འཕུར་སྐྱོད་ཀྱི་བཀོད་པ་ལེགས་སུ་བཏང་ནས་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། དྲ་རྒྱའི་བར་མཐོངས་ཀྱི་འགོག་སྲུང་མ་ལག་བཙུགས་ནས་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་ནུས་པ་ཆེ་རུ་གཏོང་དགོས། རིག་ནུས་ཚན་རྩལ་གྱི་གཙོ་གནད་རྣམ་གྲངས་སྤྱི་འདོམས་ལག་བསྟར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྔོན་ཐོན་གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས།
    ཞི་ཅིན་ཕིང་གིས་གསུངས་དོན། གསར་དར་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དེ་ཉིད་རྩ་བའི་ཐོག་ནས་བརྗོད་ན་ཚན་རྩལ་གསར་གཏོད་དང་བཀོལ་སྤྱོད་ལས་བྱུང་བ་ཞིག་རེད། གསར་གཏོད་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་རང་ཉིད་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དོན་དངོས་ནས་འགོ་བཙུགས་ཏེ་རང་རྟེན་གསར་གཏོད་དང་ཐོག་མའི་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་དང་དམག་འཐབ་ནུས་པ་གསར་མའི་འཕར་གཞི་གཏོད་དགོས། གསར་དར་ཁྱབ་ཁོངས་ཀྱི་སྣོལ་སྡེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ནས་འདུས་གྲུབ་གསར་གཏོད་དང་ཕྱོགས་བསྡུས་བཀོལ་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་སྣེ་མང་འགག་སྒྲོལ་དང་ཚོགས་སྤྱི་ཐོན་པའི་གསོན་ཉམས་དོད་པའི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གསར་དར་ཁྱབ་ཁོངས་ཀྱི་སྒྱུར་བཅོས་དེ་ཉིད་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་གཙོ་གནད་ཅིག་ཏུ་བརྩིས་ནས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། རང་རྟེན་རང་འབད་དང་། སྒོ་དབྱེ་མཉམ་འདྲེས། གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་གསར་གཏོད་ཁོར་ཡུག་བཏོད་དེ་གསར་དར་ཁྱབ་ཁོངས་ཀྱི་འཐབ་ཇུས་ནུས་པ་འཛུགས་སྐྱོང་ལ་དེ་བས་སྐུལ་འདེད་གཏོང་དགོས། དགོས་མཁོ་འབྲེལ་མཐུད་དང་། འཆར་འགོད་འབྲེལ་མཐུད། ཐོན་ཁུངས་མཉམ་སྤྱོད་སོགས་ཐད་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཚད་གཞི་ཀུན་འཕྲོད་ཅན་གྱི་ལམ་དུ་ཡག་པོ་བསྐྱོད་དེ་གསར་དར་ཁྱབ་ཁོངས་འཕེལ་རྒྱས་ཀྱི་སྤྱིའི་ཕན་འབྲས་ཆེ་རུ་གཏོང་དགོས། དམག་འཐབ་ནུས་པ་གསར་མའི་མཁོ་སྤྲོད་བྱེད་མགྱོགས་སུ་གཏོང་རྒྱུ་ཁྲིད་སྟོན་དུ་བྱས་ནས་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་བཀོད་པ་ལེགས་སུ་གཏོང་བ། སྔོན་ཐོན་ལག་རྩལ་དང་ལེན་མྱུར་པོ་དང་མགྱོགས་མྱུར་གཞན་སྒྱུར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གསར་དར་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དང་འཚམ་པའི་གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། རིན་ཐང་འཁོར་འབྲེལ་བཅས་གཏོད་དགོས། བསམ་བློའི་འདུ་ཤེས་གསར་བརྗེས་བྱས་ཏེ་བློ་ཁོག་ཆེན་པོས་དམག་འཐབ་སྟོབས་ཤུགས་གསར་པ་འཛུགས་སྐྱོང་དང་བཀོལ་སྤྱོད་བྱེད་སྟངས་གསར་གཏོད་དང་འཚོལ་ཞིབ་བྱས་ནས་དམག་འཐབ་ནུས་པ་གསར་མ་བཅིངས་འགྲོལ་དང་འཕེལ་རྒྱས་གང་ལེགས་གཏོང་དགོས།