འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་8ཉིན།

༄༅།།སྐར་མ་མིག་དམར་ཐོག་གནས་སྤོ་བྱེད་ཐུབ་བམ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་08ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     སྐར་མ་མིག་དམར་ཐོག་གནས་སྤོ་བྱེད་ཐུབ་བམ། སྐར་མ་མིག་དམར་ཐོག་སྔོ་ཚལ་འདེབས་ཐུབ་བམ། སྐར་མ་མིག་དམར་ཐོག་འཛུགས་སྐྲུན་བྱེད་ཐུབ་བམ། གསར་འགོད་པས་གནད་དོན་དེ་དག་འཁྱེར་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་སློབ་གླིང་ལྔ་པའི་ཞིབ་བཟོ་མི་སྣ་སུན་ཙེ་ཀྲོའུ་བཙལ་བ་རེད། 
     སུན་ཙེ་ཀྲོའུ་ཡིས་ང་ཚོའི་མིག་སྔའི་ཚན་རྩལ་ཆུ་ཚད་ལ་མཚོན་ན། མི་སྐར་མ་མིག་དམར་གྱི་འཁོར་ལམ་དུ་སྐྱེལ་བསམ་ན། ངའི་ལག་རྩལ་གྱི་ཆ་རྐྱེན་འཛོམས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། སྐར་མ་མིག་དམར་དང་སའི་གོ་ལ་ཧ་ཅང་འདྲ་སྟེ། གཅིག་ནི་ཉིན་མཚན་གྱི་འཁོར་ཡུན་ལྟོས་བཅས་ཀྱིས་ཐུང་བ་རེད། གཉིས་པ་ནི་སྐར་མ་མིག་དམར་གྱི་ཉིན་མོའི་དྲོད་ཚད་ལྟོས་བཅས་ཀྱིས་ཅུང་དམའ་པོ་ཡིན་པས། དྲོད་ཚད་དམའ་བའི་ནུས་རྒྱུ་མཁོ་སྤྲོད་ཀྱི་གནད་དོན་ཐག་གཅོད་བྱས་ཚེ། དྲོད་ཚད་ཀྱི་ཁོར་ཡུག་གི་འཚམ་མཐུན་རང་བཞིན་ཐག་གཅོད་ཐུབ་ཀྱིན་ཡོད། ཕྱོགས་གསུམ་པ་ནི་དུས་བཞིའི་འགྱུར་ལྡོག་ཡང་ཡོད་པར་མ་ཟད། རླུང་ཁམས་ཆེན་མོ་ཡོད། ང་ཚོའི་ཚན་རྩལ་ཆུ་ཚད་དེ་སླར་ཡང་སྐས་རིམ་གཅིག་གི་ཐོག་སླེབས་ཚེ། ང་ཚོ་བར་སྣང་དུ་སྐྱོད་པའི་ནུས་པ་དེ་བས་ཆེ་རུ་ཕྱིན་ནས། ང་ཚོས་ཐོན་ཁུངས་མང་པོ་ཞིག་སྐར་མ་མིག་དམར་ཐོག་ཏུ་འཁྱེར་ཐུབ་ནས་སྐར་མ་མིག་དམར་ཐོག་སླེབས་ཐུབ་ཀྱི་ཡོད་ཅེས་བཤད་པ་རེད།