འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་9ཉིན།

༄༅།།མེ་ཏོག་ནས་ཡོང་བའི་མེ་ཏོག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་08ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   


   མེ་ཏོག་ཏུ་འཚོ་བཞིན་པའི་བུད་མེད་དག་ནི་མེ་ཏོག་བཞིན་དུ་མཛེས་སྡུག་ལྡན་ལ་བློ་རྩ་བརྟན། 
   རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ནོར་བུ་གཡང་འཛོམས་གྱིས་“ངས་མེ་ཏོག་གི་ཞུ་བ་པེ་ཅིང་དུ་འཁྱེར་ཐུབ་རེ་ཡོད་ལ། ཆ་འཕྲིན་གསར་ཤོས་དག་མེ་ཏོག་ཏུ་འཁྱེར་འདོད་ཡོད་"ཅེས་ཟེར། ཁོ་མོ་ནི་མཐའ་མཚམས་ཁུལ་དང་པོའི་གཞི་རིམ་ལས་བྱེད་པ་ཞིག་ཡིན་པ་དང་། འདས་ཟིན་པའི་ལོ་ནི་ཁོ་མོས་ལས་འགན་འཁུར་བའི་ལོ་ཐོག་མ་ཡིན་པ་རེད། 
    ནོར་བུ་གཡང་འཛོམས་ནི་མེ་ཏོག་ཏུ་སྐྱེས་ཤིང་མེ་ཏོག་ཏུ་འཚར་ལོངས་བྱུང་བ་རེད། ལོ་བཅུའི་གོང་ལྷ་ས་རུ་སློབ་མཐར་ཕྱིན་རྗེས། ཆུས་གསུམ་དང་ཁུལ་གསུམ་གྱི་ཤིན་ཏུ་དབུལ་བའི་ཕ་ཡུལ་ཏུ་ལོག་ནས། མེ་ཏོག་གི་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པ་རེད། 
    "རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་བདམས་པ་ནས་བཟུང་། ངས་གྲོང་མི་ཚོར་བསམ་གཞིགས་བྱེད་དགོས་པ་མ་ཟད། རྫོང་ཡོངས་ཀྱི་འཕེལ་རྒྱས་ལའང་བསམ་གཞིགས་བྱེད་དགོས་པ་ཤེས་རྟོགས་བྱུང་། མེ་ཏོག་འདི་འདྲ་བཟང་བས། འཕེལ་རྒྱས་མ་བྱུང་ན། ང་བློ་འགྱོད་ཡོང་ས་རེད་"ཟེར། ཁོ་མོས་གནད་དོན་རེ་རེ་བཞིན་ཁྱད་བསད་བྱས་ནས། པེ་ཅིང་ནས་སྦྱངས་པའི་མྱོང་བ་འཁྱེར་ནས་ཤང་གྲོང་བཅོས་སྐྱོང་ཐད་སྤྱོད་རྒྱུ་རེད། 
    “མེ་ཏོག་ཇེ་ལེགས་སུ་འགྲོ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ལ། མེ་ཏོག་གི་མེ་ཏོག་ཕྱོགས་བཞིན་མཚམས་བརྒྱད་ལ་བཞད་ཐུབ་པའི་རེ་བའང་ཡོད་"ཟེར།  མ་འོངས་པར། ནོར་བུ་གཡང་འཛོམས་ཀྱིས་མུ་མཐུད་ཕ་ཡུལ་དང་། གཞི་རིམ་དུ་བཞུགས་ནས། མི་དམངས་ལ་སྲིད་ཞུ་བསྒྲུབ་རྒྱུ་རེད།