འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་8ཉིན།

ཞི་ཅིན་ཕིང་གིས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་པའི་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་། ཚན་རྩལ་ རིགས་ཁོངས། ཁོར་ཡུག་ཐོན་ཁུངས་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་གཟིགས་སྐབས་ནན་བཤད་གནང་དོན།

༄༅།།སྲིད་དོན་ཇུས་འབུལ་ཧུར་ཐག་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་ནས་ཀྲུང་གོའི་
ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས།

ཝང་ཧུའུ་ཉིང་དང་ཚའེ་ཆི་གཟིགས་པ་དང་གྲོས་བསྡུར་ནང་ལྷན་དུ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་08ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་3ཚེས་6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་། ཚན་རྩལ་རིགས་ཁོངས། ཁོར་ཡུག་ཐོན་ཁུངས་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་གཟིགས་ནས་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ཏེ་བསམ་འཆར་དང་གྲོས་འགོ་གསན་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་གཟིགས་པ་དང་གྲོས་བསྡུར་ལ་ལྷན་དུ་ཞུགས་པ།
ཟླ་3ཚེས་6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་། ཚན་རྩལ་རིགས་ཁོངས། ཁོར་ཡུག་ཐོན་ཁུངས་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་གཟིགས་ནས་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ཏེ་བསམ་འཆར་དང་གྲོས་འགོ་གསན་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་གཟིགས་པ་དང་གྲོས་བསྡུར་ལ་ལྷན་དུ་ཞུགས་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་། ཚན་རྩལ་རིགས་ཁོངས། ཁོར་ཡུག་ཐོན་ཁུངས་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་གཟིགས་ནས་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ཏེ་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཁོང་གིས་མི་དམངས་སྲིད་གྲོས་ཀྱི་ཏང་ཤོག་ཁག་དང་། ཚོགས་པ་ཁག མི་རིགས་ཁག རིགས་ཁོངས་ཁག ཕྱོགས་ཁག་བཅས་ཀྱི་མི་སྣས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པས་བཏོན་པའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལ་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། སྲིད་དོན་ཇུས་འབུལ་ཧུར་ཐག ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
    “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་བུད་མེད་འཐུས་མི་དང་། བུད་མེད་ཨུ་ཡོན། བུད་མེད་ལས་དོན་པ། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད། དེ་བཞིན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་དབན་ས་ཁུལ་བཅས་ཀྱི་བུད་མེད་སྤུན་ཟླ། ཕྱིར་སྡོད་བུད་མེད་སྤུན་ཟླ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་པ་རེད།
     མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ཐོག་ཞ་ཤན་ཕུང་དང་། ཐེན་ཧུང་ཆི། ཝུའུ་ཅན་ཕིང་། ཀྲའོ་ཡུས་ལེང་། ཧོང་མེན་སུང་། ཧུའུ་སུང་ཆིན་སོགས་ཨུ་ཡོན་6གིས་ངོགས་གཉིས་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བ། དྲ་སྦྲེལ་གྱི་ལྟེ་བའི་ལག་རྩལ་གྱིས་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ། ཚན་རྩལ་གསར་གཏོད་གྲུབ་འབྲས་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྦགས་བཙོག་དངོས་པོ་གསར་པ་བཅོས་སྒྲིག་བྱེད་པར་ཤུགས་སྣོན་རྒྱག་པ་སོགས་ལ་དམིགས་ནས་གཏམ་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཚང་མ་དང་མཉམ་དུ་གྲོས་བསྡུར་སྤེལ་རེས་བྱེད་པ་དང་བསམ་འཆར་གྲོས་འགོ་ཉན་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་རེད། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་དེར་བཞུགས་པའི་ཨུ་ཡོན་རྣམ་པ་དང་རྒྱ་ཆེའི་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། ཚན་རྩལ་རིགས་ཁོངས་དང་ཁོར་ཡུག་ཐོན་ཁུངས་རིགས་ཁོངས་ཀྱི་མི་སྣ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། 2023ལོ་ནི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་རེད། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་མཚམས་འགྱུར་བ་འཕྲལ་ཐག་ཆོད་པོས་ལག་བསྟར། དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་བདེ་བླག་ངང་མངོན་འགྱུར་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་གོམ་པ་བརྟན་པོ་ཞིག་སྤོས་ཡོད། གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན། དེ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ལ། དེའི་ནང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོའི་སེམས་ཤུགས་དང་བློ་གྲོས་ཀྱང་གཅིག་ཏུ་འདུས་ཡོད།
    ཞི་ཅིན་ཕིང་གིས་གསུངས་དོན། འདས་ཟིན་པའི་ལོ་གཅིག་ནང་། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་གྱིས“བློ་སྒྲིལ་སེམས་སྐྱེད་རྩ་བ་བརྟན་དུ་གཏོང་། མཐུན་སྒྲིལ་འབད་འཐབ་རྒྱང་ལམ་གསར་པར་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས། ཆབ་སྲིད་གྲོས་མོལ་དང་སྲིད་ཞུགས་སྲིད་གླེང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམངས་གཙོའི་ལྟ་སྐུལ་ལ་རྒྱུན་མཐུད་ངང་ཞུགས་ཏེ། མཚོ་འགག་ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། རྒྱ་ཆེའི་ཚན་རྩལ་རིགས་ཁོངས་ཀྱི་མི་སྣས་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས་ཚན་རྩལ་གསར་གཏོད་ནང་ཧུར་ཐག་ཞུགས་ཡོད། རྒྱ་ཆེའི་ཁོར་ཡུག་ཐོན་ཁུངས་རིགས་ཁོངས་ཀྱི་མི་སྣས་ཆེད་ལས་ཀྱི་ལེགས་ཆ་བཏོན་ནས་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་ཧུར་ཐག་བཏོན་ཡོད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གིས་ཐའེ་དབན་ལས་དོན་གྱི་སྤྱི་ཡོངས་ཁྲོད་སྔར་བས་གནད་འཁེལ་ངང་ངེས་གནས་འཚོལ་བ་དང་། ལེགས་ཆ་འདོན་སྤེལ། བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་དང་གླིང་ཕྲན་ཕྱི་ནང་གི་མཐུན་སྒྲིལ་བྱེད་དགོས་རིགས་ཀྱི་རྒྱལ་གཅེས་སྟོབས་ཤུགས་མཐའ་དག་ལ་དེ་བས་མཐུན་སྒྲིལ་ཡག་པོ་བྱེད་པ་དང་། “རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཐུན་མོང་ཐོག་མེས་རྒྱལ་ཞི་བའི་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། ངོགས་གཉིས་ཀྱི་ཚན་རྩལ་དང་། ཞིང་ལས། མི་ཆོས་རིག་གནས། གཞོན་ནུ་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ངོགས་གཉིས་ཀྱི་ཁྱབ་ཁོངས་ཁག་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། ཚན་རྩལ་རིགས་ཁོངས་ཀྱི་ཨུ་ཡོན་དང་རྒྱ་ཆེའི་ཚན་རྩལ་ལས་དོན་པས་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་དང་སྟོབས་ཆེར་གཏོང་བའི་འདུན་པ་ཆེན་པོ་སྔར་བས་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་བ། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། ཐོན་སྐྱེད་ནུས་ཤུགས་གསར་མའི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས།
   དངོས་སྒྲུབ་ཀྱི་ཐབས་འདོན་ཇུས་འབུལ་བྱས་ནས་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་དང་ཤེས་ལྡན་མི་སྣའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་གཏོང་ལ་རམ་འདེགས་བྱེད་པ་་དང་། ཚན་རྩལ་གྱི་གདེང་འཇོག་མ་ལག་དང་སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རིགས་ཁག་གི་ཤེས་ལྡན་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་སྔར་བས་འཕེལ་བ་བཅས་བྱེད་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁོར་ཡུག་ཐོན་ཁུངས་རིགས་ཁོངས་ཀྱི་རྒྱ་ཆེའི་ཨུ་ཡོན་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཐད་ལེགས་སྐྱེས་གསར་པ་འབུལ་དགོས། རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་སྲུང་སྐྱོང་གི་མཐའ་ཚད་བརྟན་པོ་སྲུང་བ་དང་སྐྱེ་ཁམས་ཁོར་ཡུག་གི་ཡན་ལག་ཁུལ་དོ་དམ་ཚོད་འཛིན་གྱི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་ཁམས་རྨང་གཞི་བརྟན་དུ་གཏོང་དགོས། གནད་སྨིན་སྦགས་བཙོག་འགོག་བཅོས་དང་། ཚན་རིག་དང་མཐུན་པའི་སྦགས་བཙོག་འགོག་བཅོས། ཁྲིམས་ལྟར་སྦགས་བཙོག་འགོག་བཅོས་བཅས་ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་དང་ཡང་དག་ངང་དོན་འཁྱོལ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་ལ་སྐུལ་འདེད། ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱི་འཁོར་སྐྱོད་བེད་སྤྱོད་ལ་ཤུགས་སྣོན། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་པ་དང་ལེགས་ཆ་གསར་པ་གཏོད་དགོས།
    ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་རེད། མི་དམངས་སྲིད་གྲོས་ཀྱིས་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྲིད་གྲོས་ཨུ་ཡོན་གྱིས་རང་ངོས་ཀྱི་བྱང་ཚད་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་ནས་དུས་རབས་གསར་པའི་སྲིད་གྲོས་ལས་དོན་དང་ཏང་མང་མཉམ་ལས་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།