འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་8ཉིན།

༄༅།།ཨུ་ཡོན་ཟླ་བ་དོན་གྲུབ་ཀྱིས་ནས་འདེབས་པའི་ཐད་བཤད་དོན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་07ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་3ཚེས་7ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་“ཨུ་ཡོན་གྱི་བགྲོད་ལམ་”ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེན་མོར་སྤེལ་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་ལྗོངས་ཞིང་ལས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཟླ་བ་དོན་གྲུབ་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བ་རེད། 
     ཟླ་བ་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་དོན། ས་མཐོའི་ཞིང་ལས་འཕེལ་རྒྱས་གཏོང་བ་ནི་ནས་དང་བྲལ་ཐབས་མེད་པ་དང་། ནས་ནི་བོད་ཀྱི་ཁ་སང་དང་། དེ་རིང་། སང་ཉིན་བཅས་དང་འབྲེལ་བ་ཡོད། ང་ཚོའི་དམིགས་འབེན་ནི་ས་བབ་མཐོ་ཚད་སྨི་3800ཡན་གྱི་དུ་འདེབས་གསོན་ཐུབ་པ་དང་གྲང་ངར་ཐེག་ཐུབ་པའི་སྔ་སྨིན་ས་བོན་ནས་འདེབས་གསོ་བྱས་ཏེ། ས་མཐོའི་ཞིང་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་པ་དང་། འབྲུ་རིགས་ཐོན་སྐྱེད་དང་སྐྱེ་ཁམས་སྲུང་སྐྱོང་དུས་གཅིག་ཏུ་སྐུལ་འདེད་བཏང་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་བྱ་རྒྱུ་དེ་ཡིན། 
     ངའི་བཀའ་དྲིན་ཅན་གྱི་དགེ་རྒན་ཀྲུང་གོའི་ནས་ཀྱི་གཞི་མ་སྐུ་ཞབས་ཉི་མ་བཀྲ་ཤིས་ཀྱིས་ང་ཚོའི་རྩ་བ་ས་མཐོར་ཡོད་མོད། འོན་ཀྱང་སེམས་ནང་ཀྲུང་གོ་ཧྲིལ་པོ་འཇོག་དགོས་ཞེས་གསུངས་མྱོང་ཡོད། ཟླ་གསུམ་བཞི་ཙམ་སོང་རྗེས་ནས་སྨིན་རྒྱུ་རེད། གསེར་མདོག་ཅན་གྱི་སྙེ་མ་ཉི་འོད་འོག་ཆེམ་ཆེམ་དུ་འཕྲོས་འོང་དུས་ཡིད་དུ་འོང་བ་རེད་ཨང་། ལྷན་རྒྱས་བོད་ལྗོངས་སུ་ལྟ་བར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།