འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་8ཉིན།

༄༅།།འཐུས་མི་ལིའུ་ཞི་ཡས་དགེ་རྒན་གྱི་རྒྱུཊ་སྤྲོད་ཐད་བཤད་དོན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་07ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་3ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་ཚོགས་འདུ་ཐེངས་གཉིས་བར་ཞུགས་པའི་ཁྲུང་ཆིང་འཐུས་མི་ཚོགས་པས་སྒོ་འབྱེད་ཚོགས་པའི་གྲོས་ཚོགས་འཚོགས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོ་ཆུས་ཞེ་ཅ་ཝན་སློབ་གསོ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་དང་སྤྱི་ཁྱབ་སློབ་གཙོ་ལིའུ་ཞི་ཡ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས། ཁོང་གིས་ལས་ཀ་དང་འགན་འཁྲི་བསྒྲུབས་ནས་བརྟག་ཞིབ་བྱེད་སྐབས་མིག་སྔར་འོས་འགན་སློབ་གསོའི་དུས་མཚམས་སུ་དགེ་རྒན་ཡོངས་བསྒྲགས་གདན་ཞུ་བྱེད་སྐབས་དགེ་རྒན་གྱི་མིང་ཐོ་འགོད་པའི་ཆ་རྐྱེན་དང་ཆེད་ལས་བླང་བྱ་ཆུང་དྲགས་པ་དང་། རིག་ཚན་ལས་བརྒལ་བའི་རྒྱུགས་བསྡུ་བྱ་རྒྱུར་ཚོད་འཛིན་ཕོག་པ་སོགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་ཡོད། ཁོང་གིས་དགེ་རྒན་ཡོངས་བསྒྲགས་ངང་གདན་ཞུ་བྱེད་སྐབས་རིག་ཚན་ལ་མཁོ་བའི་ཤེས་བྱའི་གསོག་འཇོག་ལ་གཞིགས་ནས་ཆེད་ལས་གཏན་འཁེལ་བྱེད་དགོས་པ་མ་ཟད། རིག་ཚན་དང་ཆེད་ལས་ལ་ངེས་པར་དུ་བསྟུན་དགོས་པའི་ནན་བཤད་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད། སྦྱངས་པའི་ཆེད་ལས་དང་སློབ་ཁྲིད་བྱ་ཡུལ་གྱི་རིག་ཚན་མི་འདྲ་བའི་རིག་ཚན་ལས་བརྒལ་བའི་དགེ་རྒན་ལ་ཆ་མཚོན་ན། ས་གནས་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་དེར་རྒྱུགས་སྤྲོད་པའི་གོ་སྐབས་སྤྲོད་དགོས།