འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་7ཉིན།

༄༅།།འཐུས་མི་ལིའུ་ཞའོ་རུང་གིས་གསུངས་དོན། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་07ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཤིང་ཧའེ་ལམ་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཞའོ་རུང་གིས“མང་ཚོགས་ཀྱི་ཞུགས་སེམས་ཆེ་རུ་བཏང་ནས་མང་ཚོགས་ལ་རང་ངོས་འགྲེམས་སྟོན་དང་། འབྲེལ་གཏུག་སྤེལ་རེས། རིག་གནས་རོལ་རྩེད་གསར་གཏོད་བཅས་ཀྱི་སྟབས་བདེའི་ཆ་རྐྱེན་དེ་བས་མང་བ་བསྐྲུན་ཚེ། སྤྱི་པའི་རིག་གནས་ཞབས་ཞུ་མི་རྣམས་ཀྱི་རྒྱུན་གཏན་གྱི་འཚོ་བའི་ནང་མཉམ་འདྲེས་དེ་བས་ལེགས་པར”ཅེས་པ་དང“དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ནང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་མཚོན་ཡོད། མིག་སྔར་སྤྱི་པའི་རིག་གནས་ཞབས་ཞུ‘ཆད་ལུས་ཡོད་མེད་དང་འདང་མི་འདང’གི་གནད་དོན་སྤྱིའི་ཆ་ནས་ཐག་གཅོད་ཐུབ་སྟེ‘སྤུས་ལེགས་དང་དོ་སྙོམས་ཅན’གྱི་གནད་དོན་མངོན་གསལ་དོད་པོ་ཡོད”ཅེས་མྱོང་ཚོར་ཟབ་མོས་གསུངས།
     འཐུས་མི་ལིའུ་ཞའོ་རུང་གིས“ཕྱོགས་གཅིག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་དེ་བས་ཁྱད་ཆོས་ལྡན་པ་དང་སྤུས་ཀ་དག་པའི་སྤྱི་པའི་རིག་གནས་ཀྱི་བར་མཐོངས་གཏོད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་རབས་གསར་པའི་ཆ་འཕྲིན་ལག་རྩལ་ལ་བརྟེན་ཏེ། གྲངས་འཛིན་སྤྱི་པའི་རིག་གནས་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རིག་ནུས་སྤྱི་པའི་རིག་གནས་ཞབས་ཞུ་སྒྲུབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། སྤྱི་པའི་རིག་གནས་ཞབས་ཞུ་དེ་བས་གནད་སྨིན་ཡོང་བར་བྱས་ཚེ། གཞི་ནས་མི་དམངས་ཀྱི་སྣ་མང་ཅན་དང་། རིམ་པ་མང་བ། ཕྱོགས་མང་བཅས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཐུབ་པའི”ངོས་འཛིན་གནང་གི་ཡོད།
     (བསོད་ནམས་དཔའ་མོས་བསྒྱུར། ཉི་དོན་གྱིས་ཞུས)