འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་7ཉིན།

༄༅།།ཨུ་ཡོན་ཀའོ་ཆིང་པོ་ཡིས་གསུངས་དོན། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་07ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ནང་བཏོན་དོན། “རྒྱལ་ཁབ་ཀྱིས་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་དང་ཞིབ་འཇུག་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་མཚོ་བོད་ས་མཐོའི་གནམ་གཤིས་འགྱུར་ལྡོག་དང་། སྐྱེ་དངོས་སྣ་མང་རང་བཞིན། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ། ཆུ་དཔྱད་དང་ཆུའི་ཐོན་ཁུངས། གངས་རི་དང་། འཁྱགས་རོམ། འཁྱགས་ས་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་གྱི་གནད་དོན་གལ་ཆེན་ཞིབ་འཇུག་དང་ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། ཡུན་རིང་གི་ཞིབ་འཇུག་ལས་དོན་ལ་སྐུལ་འདེད་གཏོང་བ་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་ཀྱི་གཞི་གདན་དང་དེའི་འགྱུར་ལྡོག་ཁོང་དུ་ཆུད་དགོས”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀའོ་ཆིང་པོ་ཡིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ“མིག་སྔར་ངས་ཞིབ་འཇུག་གི་ཁ་ཕྱོགས་དང་ཟུང་འབྲེལ་བྱས་ཏེ་ཞིབ་འཇུག་བྱ་གཞི་གལ་ཆེན་གསུམ་ནང་ཞུགས་པས་གྲུབ་འབྲས་རགས་ཙམ་ཐོབ་བྱུང་། དེ་དང་ཆབས་ཅིག་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་གི་ངོས་ནས་ངས་ཚན་རིག་རྟོག་ཞིབ་དང་བརྟག་དཔྱད་བྱེད་རིང་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་ལ་སྣང་ཆེན་བྱེད་ཀྱི་ཡོད། འདི་ལོ་ངས་མཚོ་བོད་ས་མཐོའི་རང་བྱུང་ཐོན་ཁུངས་ཀྱི་གཞི་གདན་གྱི་གྲངས་འཛིན་ཅན་གྱི་སྲུང་སྐྱོང་ལ་དམིགས་ནས་གྲོས་གཞི་འདོན་རྒྱུ་ཡིན”ཞེས་གསུངས་པ་རེད།