འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་7ཉིན།

༄༅།།འཐུས་མི་བཀྲ་ཤིས་རྒྱལ་མཚན་གྱིས་གསུངས་དོན། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་07ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། བོད་རང་སྐྱོང་ལྗོངས་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཤང་ཀྲང་བཀྲ་ཤིས་རྒྱལ་མཚན་གྱིས། ཆ་འཕྲིན་ཡོངས་བསྒྲགས་དང་། དོན་འཕྲད་གྲོས་མོལ། ལྟ་སྐུལ་ནུས་ལྡན་སོགས་བྱས་ནས་གཞི་རིམ་གྱི་དམངས་གཙོའི་གྲོས་མོལ་ལམ་ལུགས་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས་དམངས་ཕྱུག་དམངས་ཕན་གྱི་ལས་དོན་བདེ་བླག་ངང་སྤེལ་ཐུབ་པ་དང་མཐའ་དར་མཐའ་བརྟན་ཐད་མང་ཚོགས་ཀྱི་རྨང་གཞི་རྒྱ་ཁྱབ་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།
     མིག་སྔར། མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་སྲིད་འཛིན་གྲོང་ཚོ་3མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོར་ཕྱོགས་ཡོངས་ནས་བསྐྲུན་ཏེ་གློག་དང་དྲ་རྒྱ་ཤར་གཏོང་ཐུབ་པ་དང་། ཆུ་ཀ་ལ་འཁྲིད་པ། ཨར་འདམ་ལམ་གཞི་རྩའི་ཆ་ནས་བཏིང་ཚར་བ། གྲོང་མི་ཚོའི་སྒེར་འཁོར་མང་དུ་ཕྱིན་ནས་གྲོང་ཚོའི་དེ་སྔའི་རླངས་འཁོར་འཇོག་སར་གཤོང་གི་མེད། ཤང་གིས་མདོ་ཡུལ་གྲོང་ཚོར་སྡོང་ཕྲུག་རྟེན་གཞི་བཙུགས་པས་ལོ་ལྟར་ས་གནས་དེ་གའི་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་མང་དུ་སོང་ཡོད། འདི་ལོ་ཤང་ཏང་ཨུད་དང་སྲིད་གཞུང་གིས་གྲོང་མིའི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ནས། དེ་སྔའི་གྲོང་སྡོད་གྲོན་དངུལ་བསགས་ཏེ་སྡོང་ཕྲུག་ར་བ་རྒྱ་སྐྱེད་གཏོང་རྩིས་ཡོད་པར་སྔོན་དཔག་བྱས་ན། ལོ་རེར་སླར་ཡང་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་30མང་དུ་འགྲོ་རྒྱུ་རེད། 2023ལོར་ཤང་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.9ལས་བརྒལ་ནས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།
     ཤང་དུ་ལྷོ་པའི་རིག་གནས་འགྲེམས་ཁང་སྐྲུན་བཞིན་ཡོད་པ་དང་བསྐྲུན་ཟིན་རྗེས་ཡུལ་སྐོར་བས་ལྷོ་པ་རིགས་ཀྱི་སྲོལ་རྒྱུན་འཁེལ་འཐག་ལག་རྩལ་དང་། བྱ་བསེ་རུ་ཇ། ཞིང་ལས་ཁྱད་ལྡན་ཐོན་རྫས་བཅས་ཉམས་ལེན་ཐུབ་སྟེ་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རིག་གནས་འགྲེམས་སྟོན་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་མཉམ་འདྲེས་ཐུབ་རྒྱུ་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་དང་ཧུའུ་ནན་ཁྲང་ཏེ་ཡི་ཁ་གཏད་བོད་སྐྱོར་དང་ལོ་མང་གི་རྒྱབ་སྐྱོར་འོག་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་འཕེལ་རྒྱས་རྣམ་པ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ནས་མི་སེམས་ལ་སྐུལ་མ་ཐེབས་ཡོད། (བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)