འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་7ཉིན།

༄༅།།འཐུས་མི་ནོར་བུ་གཡང་འཛོམས་ཀྱིས་གསུངས་དོན། མང་ཚོགས་ལ་ཕན་པ་བསྐྲུན་རྒྱུ་དེ་སྒྱུར་བཅོས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་07ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མང་ཚོགས་ལ་ཕན་པ་བསྐྲུན་རྒྱུ་དེ་སྒྱུར་བཅོས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་མེ་ཏོག་གྲོང་ཚོའི་ཏང་ཀྲི་པུའི་རྩ་འཛུགས་ཀྱི་ཨུ་ཡོན། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ནོར་བུ་གཡང་འཛོམས་ཀྱིས། སྒྱུར་བཅོས་ཟབ་ཏུ་གཏོང་བར་ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་དགོས། ང་ཚོས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་མང་ཚོགས་ཀྱི“བྱ་ཐབས་ཡག་པོ”དང“ཐབས་ཤེས་བཟང་པོ”མང་ཙམ་ཉན་དགོས་པ་དང་། སྒྱུར་བཅོས་ལ་བརྟེན་ནས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ཏེ་མང་ཚོགས་ལ་ཕན་པ་བསྐྲུན་རྒྱུ་དེ་སྒྱུར་བཅོས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས་ཞེས་གསུངས།
    མེ་ཏོག་རྫོང་དེས་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཇ་ཞིང་ར་བ་བརྒྱུད་བཤུག་གི་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་པས། 2023ལོར་ཇ་ཞིང་ར་བ་མུའུ་800ལྷག་ཙམ་བརྒྱུད་བཤུག་ཐུབ་ནས“ཐོན་ཁུངས་མ་རྩར་སྒྱུར་བ་དང་། མ་རྩ་རྐང་དངུལ་ལ་སྒྱུར་བ། ཡུལ་མི་རྐང་བདག་ཏུ་སྒྱུར་བ”བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་འགྱུར་བྱུང་ཞིང་། ཇ་ལོ་འདེབས་མཁན་ཁེ་ལས་4གསར་དུ་གདན་དྲངས་ནས་ས་མཐོའི་ཇའི་ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་བཏང་བར། ས་གནས་དེ་གའི་ཇ་ལོ་འདེབས་མཁན་ཞིང་པར་ལོ་རེར་འབབ་འཕར་སྒོར་ཁྲི་90ཙམ་བྱུང་ཡོད།
    ཇ་འདེབས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མེ་ཏོག་རྫོང་གིས་ད་དུང“ཁེ་ལས་+མཉམ་ལས་ཁང་+ཞིང་དུད”བཅས་ཀྱི་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་པ་དང་། ཁེ་ལས་ཀྱི་མ་འཇོག་སྒོར་ཁྲི་3000ཙམ་ནང་འདྲེན་བྱས་ཏེ་ཇ་ཞིང་ར་བ་དང་། རིག་གནས། ཡུལ་སྐོར་བཅས་ཕན་ཚུན་མཉམ་འདྲེས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་བསྐྲུན་པས། ཁྱད་ལྡན་ཞིང་ལས་ཡུལ་སྐོར་གྱི་སྤུས་རྟགས་གཏོད་པ་དང་། ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པ། ཇའི་བྲོ་བ་མྱོང་བ། ཞིང་ལས་ཐོན་རྫས་ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི“རྒྱུན་འཁོར་ཧྲིལ་པོའི”མཉམ་འདྲེས་འཕེལ་རྒྱས་མ་ལག་ཅིག་གྲུབ་སྟེ་གྲོང་ཚོའི་མཉམ་སྡེབ་དང་། ཁེ་ལས། མང་ཚོགས་བཅས་ཕྱོགས་ཚང་མར་ཕན་པ་ཐོབ་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་ཐོན་ཡོད།