འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་7ཉིན།

༄༅།།ཨུ་ཡོན་ཝུའུ་པེ་ལི་ཡིས་སྨན་བཅོས་འགན་བཅོལ་ཐད་བཤད་དོན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་06ཉིན། 16:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཨུ་ཡོན་ཝུའུ་པེ་ལི་ཡིས་སྨན་བཅོས་འགན་བཅོལ་ཐད་བཤད་དོན།
   ཟླ་3ཚེས་4ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི“ཨུ་ཡོན་གྱི་བགྲོད་ལམ”ཐོག་མ་དེ་མི་དམངས་ཚོགས་ཁང་ཆེན་མོར་སྤེལ་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀྲུང་གོའི་ཚན་རིག་ཁང་ཧྲང་ཧའེ་སྨན་རྫས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཝུའུ་པེ་ལི་ཡིས་གསར་འགོད་པའི་གཅིག་སྡུད་བཅར་འདྲི་དང་ལེན་གནང་བ་རེད། 
   ཝུའུ་པེ་ལི་ཡིས་ཏང་དང་སྲིད་གཞུང་གིས“སྨན་གསུམ་མཉམ་འགུལ”ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། ནད་པར་སྨན་སྤྱོད་རྒྱུ་ཡོད་པ་བྱེད་པ་དང་ཆབས་ཅིག་སྨན་སྤྱོད་རྒྱུར་མཐོང་ཆེན་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད། སྨན་བཅོས་འགན་བཅོལ་གྱི་གྲོས་མོལ་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། སྨན་བཅོས་འགན་བཅོལ་གྱི་དཀར་ཆག་སྟབས་བསྟུན་ལེགས་སྒྲིག་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། གསར་གཏོད་སྨན་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། འབྲས་སྐྲན་འགོག་པའི་སྨན་དང་མཐོང་དཀོན་པའི་ནད་ལ་སྤྱོད་པའི་སྨན་རྫས་འབོར་ཆེན་ཞིག་རིན་གོང་འོས་འཚམ་གྱིས་སྨན་བཅོས་འགན་བཅོལ་ནང་བཅུག་ཡོད། དེའི་ནང་གསར་གཏོད་སྨན་དེ་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མྱུར་ཚད་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་པ་དང་། 80%ཡན་གྱི་གསར་གཏོད་སྨན་དེ་ཁྲོམ་རར་བཏོན་རྗེས་ཀྱི་ལོ་གཉིས་ནང་སྨན་བཅོས་འགན་བཅོལ་ནང་བཅུག་ཡོད་པ་རེད་ཅེས་བཤད།