འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་6ཉིན།

༄༅།།ཁ་བ་དང་འཁྱགས་པའི་གནོད་འཚེ་ཐེབས་པའི་ཐད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་06ཉིན། 16:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཕྱི་འབྲེལ་པུའི་མགྲིན་ཚབ་པའི་གཞུང་དོན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།ཟླ་3ཚེས་5ཉིན་ཕྱི་འབྲེལ་པུའི་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུའི་ཐོག གསར་འགོད་པས་ཟླ་3ཚེས་4ཉིན། ཀྲུང་གོ་སྲིད་གཞུང་གིས་མོང་གོལ་སྲིད་གཞུང་ལ་ཁ་བ་དང་འཁྱགས་པའི་གནོད་འཚེའི་ཛ་དྲག་རོགས་སྐྱོར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་མོང་གོལ་རྒྱལ་ཁབ་ཕོ་བྲང་དུ་འཚོགས་ཤིང་། མོང་གོལ་གྱི་ཙུང་ལི་ཨའོ་ཡུན་ཨེར་ཏེང་ཚོགས་འདུར་ཕེབས་པ་དང་འབྲེལ་ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། མགྲིན་ཚབ་པས་འབྲེལ་ཡོད་རོགས་སྐྱོར་གྱི་གནས་ཚུལ་ངོ་སྤྲོད་བྱེད་ཐུབ་བམ་དྲིས། 
   མའོ་ཉིང་གིས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ནི་རི་ཆུ་འབྲེལ་བའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས་ཕན་ཚུན་རོགས་རེས་བྱེད་པའི་སྲོལ་རྒྱུན་ཡོད། རིམས་ནད་བྱུང་ཚུལ་གྱི་རིང་ལ་རྒྱལ་ཁབ་གཉིས་པོས་“ལུག་ཡོང་ནས་ཇ་བཞུར”ཞེས་པའི་ཚིག་དེ་གཏམ་བཟང་ཞིག་ཏུ་གྱུར་ཡོད། ཉེ་དུས་མོང་གོལ་ལ་མཐོང་དཀོན་པའི་གྲང་ངར་དང་གངས་རླུང་གི་གནམ་གཤིས་བསྟན་ནས་འབྲོག་པ་མང་པོ་ཞིག་གི་ཐོན་སྐྱེད་དང་འཚོ་བར་དཀའ་ངལ་ཚབས་ཆེན་འཕྲད་པར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་ཀྱིན་ཡོད། གེགས་ཁུལ་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་དཀའ་ངལ་སེལ་བ་དང་། མོང་གོལ་ཕྱོགས་ཀྱིས་གནོད་འཚེ་ལས་རྣམ་པར་རྒྱལ་རྒྱུར་རོགས་རམ་བྱ་ཆེད། ཀྲུང་གོ་སྲིད་གཞུང་གིས་མོང་གོལ་སྲིད་གཞུང་ལ་ཛ་དྲག་གི་དངུལ་སྨར་རོགས་སྐྱོར་བྱས་པ་དང་། ཀྲུང་གོའི་ས་གནས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར། རྒྱ་གྲམ་དམར་པོ་ཚོགས་པས་མོང་གོལ་ཕྱོགས་ལ་གེགས་སེལ་དངུལ་དང་དངོས་ཟོག་རོགས་སྐྱོར་བྱས་པ་རེད། མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་དང་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་དངོས་པོ་ཞལ་འདེབས་བརྒྱབ་ནས་ས་གནས་དེ་གའི་རོགས་སྐྱོབ་བྱ་སྤྱོད་ནང་ཧུར་ཐག་ཞུགས་ཡོད། དེ་ནི་རྒྱལ་ཁབ་གཉིས་ཀྱི་ལས་དབང་གཅིག་མཐུན་ཡིན་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། མི་རིགས་སོ་སོའི་མི་དམངས་ཀྱིས་འབད་པ་བྱས་པར་བརྟེན།མོང་གོལ་མི་དམངས་ཀྱིས་དཀའ་གནད་ལས་སྒྲོལ་ཐུབ་ངེས་ཡིན་པ་དང་།སྔ་མོ་ནས་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱེད་ཐུབ་པར་ཡིད་ཆེས་ཡོད།