འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་6ཉིན།

༄༅།།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོའི་པུར་ཀ་རི་ཡའི་ཡི་གེའི་དཔར་
མ་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་06ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་པུར་ཀ་རི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་མཚམས་སུ། ཟླ་3ཚེས་4ཉིན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོའི་པུར་ཀ་རི་ཡའི་ཡི་གེའི་དཔར་མ་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
   《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོ་ནི་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང)ཡིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་ཀྲུང་གོ་ཕྱི་རྒྱལ་ཡིག་རིགས་ཅུས་དང་མཉམ་དུ་རྩོམ་སྒྲིག་བྱས་པ་ཞིག་ཡིན་ཞིང་། དེའི་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་གྲོལ་བ་ནས་2014ལོའི་ཟླ་6ཚེས་13ཉིན་བར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བསྡུས་ཡོད་ཅིང་། གསུང་བཤད་དང་། གླེང་མོལ། གཏམ་བཤད། དྲི་བ་དྲིས་ལན། མཆན་བཀོད་མཛུབ་སྟོན། རྟེན་འབྲེལ་འཕྲིན་ཡིག་སོགས་ཁྱོན་རྩོམ་ཡིག་ཁག་79ཡོད་པ་དེ་དག་ཆེད་དོན་18ལ་དབྱེ་ཡོད། དཔེ་དེབ་འདིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེང་རབས་ཀྱི་ཀྲུང་གོ་དང་ཀྲུང་གོ་གུང་ཁྲན་ཏང་ཤེས་རྟོགས་བྱེད་པར་ཚད་ལྡན་གྱི་ཡིག་ཆ་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད།