འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་5ཉིན།

༄༅།།ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཤ་པཱ་ཚི་ཕ་ཁི་སི་ཐན་གྱི་ཙུང་ལིར་བདམས་པར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་05ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤ་པཱ་ཚི·ཤེ་ལི་ཕུའུ་ལ་གློག་འཕྲིན་བཏང་ནས་ཁོང་ཕ་ཁི་སི་ཐན་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིར་བདམས་པར་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གིས་ཙུང་ལི་ཤ་པཱ་ཚི་དང་ཕ་ཁི་སི་ཐན་གྱི་སྐབས་གསར་པའི་སྲིད་གཞུང་གི་འགོ་ཁྲིད་འོག་དང་ཕ་ཁི་སི་ཐན་གྱི་ལས་རིགས་ཁག་གི་མཐུན་སྒྲིལ་འབད་འཐབ་འོག རྒྱལ་ཁབ་འཕེལ་རྒྱས་དང་ཡར་ཐོན་གྱི་བྱ་གཞག་སྒྲུབ་རིང་ཕ་ཁི་སི་ཐན་ཕྱོགས་ལ་དེ་བས་ཆེ་བའི་གྲུབ་འབྲས་གསར་པ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་གནང་བ་རེད།
    ཞི་ཅིན་ཕིང་གིས་ཀྲུང་ཕ་རྒྱལ་ཁབ་གཉིས་པོས་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་རྒྱུན་འཛིན་གྱིས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་གྱི་རིམ་སྤོར་པར་གཞི་ཐུན་མོང་ཐོག་གཏོད་པ། ཀྲུང་ཕའི་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་མུ་མཐུད་ཟབ་ཏུ་གཏོང་བ། དུས་རབས་གསར་པའི་དེ་བས་དམ་ཟབ་ཀྱི་ཀྲུང་ཕའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
    ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཙུང་ལི་ཤ་པཱ་ཚི་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ་རེད།