འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་4ཉིན།

༄༅།།རྨོད་གཉའ་གཅོག་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་04ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་གྲོང་མི་ཚོས་ཞིང་ནང་དུ་རྨོད་རྒྱག་བཞིན་པ།
འདི་ནི་གྲོང་མི་ཚོས་ཞིང་ནང་དུ་རྨོད་རྒྱག་བཞིན་པ། 
     ཉེ་ཆར། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གླ་སྐེ་ཤང་ལེབ་རིས་གྲོང་ཚོའི་གྲོང་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་ཞིང་ནང་དུ་རྨོད་གཉའ་གཅོག་པའི་མཛད་སྒོ་གཉེར་བ་རེད། ཐོ་ཕྲུག་གི་ལྡིར་སྒྲ་དང་བསྟུན་ནས་ཁོད་སྙོམས་པའི་ཞིང་ནང་དུ་རྨོད་རྒྱག་འགོ་ཚུགས་པ་དང་། ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པའི་གྲོང་མི་ཚོས་ཞིང་ནང་དུ་ས་བོན་གཏོར་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དཔྱིད་རྨོད་ཀྱི་རྣམ་པ་ཞིག་རིམ་བཞིན་མངོན།