འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་3ཉིན།

༄༅།།《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་སྐོར་གྱི་རྣམ་བཤད་གནད་བསྡུས》
(ཧྥ་རན་སེའི་ཡི་གེ་དང་རྒྱ་ཡིག་ཤན་སྦྱར)ཀྱི་གོ་ལ་ཧྲིལ་པོའི་པར་ཕུད་འགྲེམས་སྤེལ་
མཛད་སྒོ་ཕ་རི་སིར་འཚོགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་03ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན། 《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་སྐོར་གྱི་རྣམ་བཤད་གནད་བསྡུས》(ཧྥ་རན་སེའི་ཡི་གེ་དང་རྒྱ་ཡིག་ཤན་སྦྱར)ཀྱི་གོ་ལ་ཧྲིལ་པོའི་པར་ཕུད་འགྲེམས་སྤེལ་མཛད་སྒོ་དང“གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་གི་ཀྲུང་གོའི་བློ་གྲོས”ཀྱི་སྤེལ་རེས་བགྲོ་གླེང་ཚོགས་འདུ་ཧྥ་རན་སེའི་ཕ་རི་སིར་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་རེད།
    ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་ཁྲེན་ཏུང་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཡོ་རོབ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་རེང·ཁེ་ལི་སི་ཐུའོ་ཧྥུའུ་·པཱ་སི་སོགས་སྐུ་མགྲོན་བྱེད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ་དང་། ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཁྱབ་ཁོངས་ཀྱི་ཀྲུང་གོ་དང་ཧྥ་རན་སེ་ནས་ཡོང་བའི་འཐུས་མི་60ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
    ཁྲེན་ཏུང་གིས་ཤིས་ཚིག་སྒྲོན་སྐབས། 《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་སྐོར་གྱི་རྣམ་བཤད་གནད་བསྡུས》ཞེས་པའི་དེབ་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གཅིག་སྡུད་བསྡུ་རུབ་བྱས་ཡོད་པ་དེ་ཐོག་ནས་ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་མཚོན་པ་དང་། ཀྲུང་ཧྭའི་ཤེས་དཔལ་གྱི“མི་རྩ་བར་འཛིན་པའི”ཕུལ་བྱུང་སྲོལ་རྒྱུན་མངོན་པ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་མི་དམངས་ལྟེ་བར་འཛིན་པའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་བསམ་བློ་འཆད་འགྲེལ། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ཐད་ཀྱི་ཀྲུང་གོའི་སྲིད་ཇུས་ཀྱི་འདོད་ཚུལ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་བསྡུས་བཅས་བྱས་ཡོད་པས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་ཤེས་རྟོགས་བྱེད་འདོད་ཡོད་མཁན་གྱི་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོར་དབང་གྲགས་ལྡན་པའི་ཀློག་དེབ་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།
    རེང·ཁེ་ལི་སི་ཐུའོ་ཧྥུའུ·པཱ་སི་ཡིས། དེང་སྐབས་ཀྱི་འཛམ་གླིང་རྙོག་འཛིང་ཆེ་རུ་ཕྱིན་ནས་ནུབ་ཕྱོགས་ཀྱི་རིན་ཐང་ལྟ་བར་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་ཐོག་ནུབ་ཕྱོགས་ལྟེ་བ་ཅན་གྱི་བསམ་བློ་དོར་བའི་འཕེལ་ཕྱོགས་མངོན་བཞིན་ཡོད། རིན་ཐང་ལྟ་བ་ཡང་ཡོ་རོབ་དང་ཨ་རི་གཞི་གཅིག་ཅན་ནས་སྣེ་མང་ཅན་དུ་འགྱུར་བཞིན་ཡོད་པས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྣམ་བཤད་ལས་སྣེ་མང་ཅན་གྱི་སྙིང་སྟོབས་འདི་རིགས་དར་སྤེལ་གཏོང་དགོས་ལུགས་མངོན་གྱི་འདུག་ཅེས་བརྗོད། ཧྥ་རན་སེའི་དར་གོས་ལམ་བུའི་ཚོང་ལས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང་ཧྲི་ནའེ་ཏེ་ཚོགས་པའི་དེ་སྔའི་མཐོ་རིམ་དོ་དམ་པ་ཨེར་ཝེ·ཨ་ཙུའུ་ལའེ་ཡིས།
    《རྣམ་བཤད་གནད་བསྡུས》ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་བསམ་བློ་གཏིང་ཟབ་པོ་ཡོད་ཅིང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་ནས་མི་དམངས་ཡོངས་རིམ་བཞིན་ཐུན་མོང་འབྱོར་ཕྱུག་ཡོང་བར་གཞོལ་བཞིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
    ཧྥ་རན་སེ་རྒྱལ་བཙུགས་བཟོ་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཁ་ལི་མུའུ་ཡིས། ཀྲུང་གོ་དབུལ་སྒྲོལ་བྱུང་བ་དེས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། “འདི་ནི་གྲུབ་འབྲས་ཧ་ཅང་ཆེན་པོ་ཞིག་ཡིན་པས་དེར་ཁས་ལེན་མི་བྱེད་མཁན་གཅིག་ཀྱང་མེད”ཅེས་བརྗོད། ཧྥ་ཀྲུང་སློབ་ཆེན་གྲ་སྒྲིག་སློབ་གླིང་གི་སློབ་སྤྱི་གཡོད་སེ་ཧྥུའུ·མ་ཁུའུ་ཐུའུ་ཡིས། ཀྲུང་གོ་བས་ཁ་ནས་ཤོད་པ་ལས་ལག་ལེན་དུ་འཁྱོལ་བར་སྣང་ཆེན་བྱེད་ཀྱི་ཡོད། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཕྱིན་པ་དེས་མི་དམངས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་དངོས་ཡོད་ཀྱི་བདེ་རྩ་བསྐྲུན་ཡོད། དེའི་ནང་སློབ་གསོ་དང་། ལས་ཞུགས། སྨན་བཅོས་འཕྲོད་བསྟེན་སོགས་ཚུད་ཡོད་ཅེས་བརྗོད་པ་རེད།
    ཧྥ་རན་སེ་ཀྲ་ཧྥེར་ཡོ་རོབ་དང་ཨེ་ཤེ་ཡ་མཉམ་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་རེང·ཕེ་ཀུའུ་ལེ་ཡིས། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་དེ་ཀྲུང་གོའི་རྒྱལ་བབ་དང་འཚམ་པ་དང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས“འགྲོ་བ་མིའི་ཐོབ་ཐང་ལ་ནང་དོན་དང་འཕེལ་རྒྱས་གཏོང་སྟངས་རྐྱང་པ་མེད་པའི”ར་སྤྲོད་བྱས་པའི་ངོས་འཛིན་བྱས་ཡོད། ཧྥ་རན་སེ་རྒྱལ་དམངས་སློབ་གསོ་པུའི་དེ་སྔའི་དཔོན་རིགས་ལུའོ་པེར·ཕུའུ་ལུའོ་སི་ཕེ་ལི་ཉིས། འགྲོ་བ་མིའི་ཐོབ་ཐང་གི་འགྲོ་ལམ་གཅིག་ཁོ་ན་མ་ཡིན་ཞིང་། ལྟ་ཚུལ་དེ་མཐའ་འཁྱོངས་བྱེད་པ་དེ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འབྱུང་འགྱུར་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་དང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་ནི་དེའི་ལོ་རྒྱུས་དང་མཚན་ཉིད་རིག་པར་རྩ་བ་བརྟན་པོ་བཙུགས་ཡོད་ཅེས་བརྗོད་པ་རེད།
   《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་སྐོར་གྱི་རྣམ་བཤད་གནད་བསྡུས》(ཧྥ་རན་སེའི་ཡི་གེ་དང་རྒྱ་ཡིག་ཤན་སྦྱར)ནི་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། ཆེད་དོན་9ལ་ཕྱེ་ཡོད་པའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པར་དམིགས་ནས་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བརྒྱུད་རིམ་ལྡན་པའི་ངང་བསྡུ་རུབ་བྱས་ཡོད་པ་རེད།