འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་སྦྱོང་གསོ་སྦྱོང་ཁག་དྲུག་པའི་བསླབ་གཞིར་གླེང་གཞི་བྲིས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་02ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    གླེང་གཞི།
    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཡིན་པ་དེས་མིའི་རིགས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་འགྲོ་ལམ་གསར་པ་འབྱེད་པ་དང་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་དུ་བཏོད་ཡོད། རང་རེའི་ཏང་གི་ངོས་ནས་བརྗོད་ན་དེ་ནི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་ལ། ཛ་དྲག་ཆེ་བའི་དངོས་ཡོད་ཀྱི་ཚོད་བགམ་ཞིག་ཀྱང་ཡིན་པས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ནས་ཏང་ཡོངས་ཀྱི་མཐུན་སྒྲིལ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་བ་ཞིག་རེད།
     རིགས་པའི་གཞུང་ལུགས་སྟོབས་དང་ལྡན་ན་གཞི་ནས་ཁ་ཕྱོགས་གསལ་བ་དང་། མི་སེམས་མཐུན་པ། གདིང་ཤུགས་ཆེན་པོ་བཅས་ཡོང་ཐུབ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་རྒྱུན་སྲིང་ལྷོད་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་འཇོན་ཐང་དངོས་སུ་སྦྱོང་ཐུབ་པ། བསམ་བློ་ཚད་མཐོའི་གཅིག་གྱུར་གྱིས་ཆབ་སྲིད་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་ཐུབ་པའི་འགན་ལེན་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འཚམ་པའི་ཆབ་སྲིད་ཀྱི་ནུས་པ་དང་། འགོ་ཁྲིད་ཀྱི་ནུས་པ། ལས་ཀའི་ནུས་པ་བཅས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་དེར་སྐུལ་འདེད་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ནས་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པའི་བསམ་པའི་སྒུལ་ཤུགས་བསྡུ་ལེན་བྱེད་མཁས་པོ་བྱས་ཏེ། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་འཐབ་རྩོད་ཀྱི་འཇོན་ཐང་ལ་ཞུན་བརྡར་སྤྲས་ནས་ཐོག་མཐའ་བར་གསུམ་དུ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་བྱེད་པའི་འབད་འཐབ་ཀྱི་ཉམས་འགྱུར་ལ་བརྟེན་ནས་རྒྱང་ལམ་གསར་པར་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས།
     གནས་ལུགས་རྒྱུ་མཚན་སྟོང་བཤད་བྱས་ནས་བསྡད་ན་ག་ལ་འགྲིག ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་བེད་སྤྱོད་གཏོང་རྒྱུར་ཐུག་པས། རིམ་ཁག་ལས་བྱེད་པས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་བཏང་སྟེ། བསམ་བློའི་མཚོན་ཆ་སྟོབས་ཆེན་ཡིན་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རང་རྟོགས་ངང་ཁོང་དུ་ཆུད་པ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གནད་དོན་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན། ཏང་འཛུགས་སྐྱོང་གི་མངོན་གསལ་དོད་པའི་གནད་དོན་བཅས་རྒྱུན་མཐུད་ངང་ཐག་གཅོད་བྱེད་པ། ཉེན་ཁ་གལ་ཆེན་ནུས་ལྡན་ངང་འགོག་སེལ་བྱེད་པ། གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་བ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཀོད་པའི་བརྗིད་ཆེའི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་ཟམ་མི་ཆད་པར་འགྱུར་བ་བྱེད་དགོས།
    དུས་རབས་གསར་པ་ཤར་ཚུན། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་ནི་ཧ་ཅང་གསོན་ཉམས་དོད་པོ་ཞིག་ཡིན་པས་ང་ཚོས་ཀྱང་སློབ་སྦྱོང་གསོན་ཉམས་དོད་པོ་བྱེད་དགོས། བསླབ་གཞི་དེ་དག་ལས་དུས་རབས་གསར་པའི་གསར་གཏོད་གྲུབ་འབྲས་གཅིག་སྡུད་ཐོག་མཚོན་པ་དང་། རང་རེའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་དང་རྒྱ་སྐྱེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་མངོན་ཡོད། རིམ་པ་ཁག་གི་ལས་བྱེད་པས་བསླབ་གཞི་ཡག་པོ་སྦྱོང་བ་དང་བེད་སྤྱོད་ཡག་པོ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་བྱ་སྤྱོད་སྤེལ་མཁན་དང་ལག་ལེན་བསྟར་མཁན་ཡག་པོ་བྱེད་དགོས།
                                                                                                                                                                                                                                       ཞི་ཅིན་ཕིང་།
                                                                                                                                                                                                                2024ལོའི་ཟླ་2ཚེས་28ཉིན།
                                                                                                                                       (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་29ཉིན་འབྱོར་པའི་གློག་འཕྲིན)

    ■ རིམ་པ་ཁག་གི་ལས་བྱེད་པར་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བློ་བརྟན་འགྱུར་མེད་ཀྱི་བྱ་སྤྱོད་སྤེལ་མཁན་དང་ལག་ལེན་བསྟར་མཁན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱེད་ཉེར་ཡོད་པའི་རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་སྦྱོང་གསོ་སྦྱོང་ཁག་དྲུག་པའི་བསླབ་གཞིར་གླེང་གཞི་བཀོད་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཡིན་པ་དེས་མིའི་རིགས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་འགྲོ་ལམ་གསར་པ་འབྱེད་པ་དང་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་དུ་བཏོད་ཡོད། རང་རེའི་ཏང་གི་ངོས་ནས་བརྗོད་ན་དེ་ནི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་ལ། ཛ་དྲག་ཆེ་བའི་དངོས་ཡོད་ཀྱི་ཚོད་བགམ་ཞིག་ཀྱང་ཡིན་པས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ནས་ཏང་ཡོངས་ཀྱི་མཐུན་སྒྲིལ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་བ་ཞིག་རེད།
    ཞི་ཅིན་ཕིང་གིས་གསུངས་དོན། རིགས་པའི་གཞུང་ལུགས་སྟོབས་དང་ལྡན་ན་གཞི་ནས་ཁ་ཕྱོགས་གསལ་བ་དང་། མི་སེམས་མཐུན་པ། གདིང་ཤུགས་ཆེན་པོ་བཅས་ཡོང་ཐུབ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་རྒྱུན་སྲིང་ལྷོད་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་འཇོན་ཐང་དངོས་སུ་སྦྱོང་ཐུབ་པ། བསམ་བློ་ཚད་མཐོའི་གཅིག་གྱུར་གྱིས་ཆབ་སྲིད་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་ཐུབ་པའི་འགན་ལེན་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འཚམ་པའི་ཆབ་སྲིད་ཀྱི་ནུས་པ་དང་། འགོ་ཁྲིད་ཀྱི་ནུས་པ། ལས་ཀའི་ནུས་པ་བཅས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་དེར་སྐུལ་འདེད་གཏོང་དགོས།
    ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ནས་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པའི་བསམ་པའི་སྒུལ་ཤུགས་བསྡུ་ལེན་མཁས་པོ་བྱས་ཏེ། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་འཐབ་རྩོད་ཀྱི་འཇོན་ཐང་ལ་ཞུན་བརྡར་སྤྲས་ནས་ཐོག་མཐའ་བར་གསུམ་དུ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་བྱེད་པའི་འབད་འཐབ་ཀྱི་ཉམས་འགྱུར་ལ་བརྟེན་ནས་རྒྱང་ལམ་གསར་པར་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གནས་ལུགས་རྒྱུ་མཚན་སྟོང་བཤད་བྱས་ནས་བསྡད་ན་ག་ལ་འགྲིག ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་བེད་སྤྱོད་གཏོང་རྒྱུར་ཐུག་པས། རིམ་ཁག་ལས་བྱེད་པས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་བཏང་སྟེ། བསམ་བློའི་མཚོན་ཆ་སྟོབས་ཆེན་ཡིན་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རང་རྟོགས་ངང་ཁོང་དུ་ཆུད་པ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གནད་དོན་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན། ཏང་འཛུགས་སྐྱོང་གི་མངོན་གསལ་དོད་པའི་གནད་དོན་བཅས་ཐག་གཅོད་རྒྱུན་མཐུད་བྱེད་པ། ཉེན་ཁ་གལ་ཆེན་ནུས་ལྡན་ངང་འགོག་སེལ་བྱེད་པ། གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་བ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པར་བཀོད་པའི་བརྗིད་ཆེའི་འཆར་འགོད་མཛེས་སྡུག་ལྡན་པའི་དོན་དངོས་སུ་ཟམ་མི་ཆད་པར་འགྱུར་བ་བྱེད་དགོས།
   ཞི་ཅིན་ཕིང་གིས་གསུངས་དོན། དུས་རབས་གསར་པ་ཤར་ཚུན། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་ནི་ཧ་ཅང་གསོན་ཉམས་དོད་པོ་ཞིག་ཡིན་པས་ང་ཚོས་ཀྱང་སློབ་སྦྱོང་གསོན་ཉམས་དོད་པོ་བྱེད་དགོས། བསླབ་གཞི་འདི་དག་ལས་དུས་རབས་གསར་པའི་གསར་གཏོད་གྲུབ་འབྲས་གཅིག་སྡུད་ཐོག་མཚོན་པ་དང་། རང་རེའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་དང་རྒྱ་སྐྱེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་མངོན་ཡོད། རིམ་པ་ཁག་གི་ལས་བྱེད་པས་བསླབ་གཞི་ཡག་པོ་སྦྱོང་བ་དང་བེད་སྤྱོད་ཡག་པོ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་བྱ་སྤྱོད་སྤེལ་མཁན་དང་ལག་ལེན་བསྟར་མཁན་ཡག་པོ་བྱེད་དགོས། (གླེང་གཞིའི་ནང་དོན་ཆ་ཚང་ཟུར་དུ་འགོད་རྒྱུ)
   རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་སྦྱོང་གསོ་སྦྱོང་ཁག་དྲུག་པའི་བསླབ་གཞི་ནི་རྒྱལ་ཡོངས་ལས་བྱེད་པའི་གསོ་སྦྱོང་བསླབ་གཞི་རྩོམ་སྒྲིག་མཛུབ་ཁྲིད་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་ནས་རྩོམ་འབྲི་བྱས་པ་དང་། ཁྱོན་དེབ་9ཡོད་པའི་ནང་དུ་རིགས་པའི་གཞུང་ལུགས་ཀྱི་བསླབ་གཞིའི་དེབ་4སྟེ། 《“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ》དང་། 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ》 《དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་བ》 《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་དང་རྒྱ་སྐྱེད་གཏོང་བ》བཅས་དང《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་དང་རྒྱ་སྐྱེད་གཏོང་བའི་དཔེ་མཚོན་གཅེས་བསྡུས》(དཔལ་འབྱོར་སྐོར་དང་། སློབ་གསོ་དང་ཚན་རྩལ་ཤེས་ལྡན་མི་སྣའི་སྐོར། ཆབ་སྲིད་དང་ཁྲིམས་སྐྱོང་སྐོར། རིག་གནས་དང་སྤྱི་ཚོགས་སྐོར། སྐྱེ་ཁམས་ཤེས་དཔལ་དང་རྒྱལ་ཁབ་བདེ་འཇགས་སྐོར)ཀྱི་དེབ་5ཚུད་པ་དེ་དག་མི་དམངས་དཔེ་སྐྲུན་ཁང་དང་ཏང་འཛུགས་སྐྱོང་ཀློག་དེབ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་ཞིག་རེད།