འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་1ཉིན།

༄༅།།བོད་ལྗོངས་ཀྱི་ནུབ་རྒྱུད་དུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་01ཉིན། 17:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་3ཚེས་1ཉིན་གྱི་ཆུ་ཚོད་08པ་ནས་ཚེས་2ཉིན་གྱི་ཆུ་ཚོད་08བར། ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་དང་བོད་ལྗོངས་ཀྱི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁ་བ་འབྲིང་བ་འབབ་རྒྱུ་ཡིན་ལ། དེའི་ནང་ཞིན་ཅང་གི་ལྷོ་རྒྱུད་གཤོང་ས་དང་བོད་ལྗོངས་ཀྱི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ནུབ་རྒྱུད་ས་ཁུལ་ཁག་ཅིག་ཏུ་ཁ་བ་ཆེན་པོ་དང་ཁ་བ་ཧ་ཅང་ཆེན་པོ་འབབ་རྒྱུ་རེད།(ཧའོ་སྨི་30ནས་45བར) ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་ཤར་རྒྱུད། ཧྭ་ནན་གྱི་དབུས་ཤར་རྒྱུད། ཐའེ་ཝན་གྱི་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་བ་ནས་འབྲིང་བ་འབབ་རྒྱུ་རེད། ནང་སོག་དང་བྱང་ཤར་ས་ཁུལ། མཚོ་སྔོན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་རིམ་པ་4ནས་6བར་གྱི་དྲག་རླུང་ཡོད་ལ། པོ་ཧའེ་རྒྱ་མཚོ་དང་ཧོང་ཧེ་རྒྱ་མཚོའི་མཚོ་ཁོངས་མང་ཆེ་བ། ཤར་རྒྱ་མཚོའི་མཚོ་འགག ཐའེ་ཝན་མཚོ་འགག ལྷོ་རྒྱ་མཚོའི་མཚོ་ཁོངས་ཆེ་བ། བྱང་རྒྱུད་མཚོ་ཁུག་བཅས་ལ་རིམ་པ་6ནས་7བར་གྱི་དྲག་རླུང་དང་། ཐོལ་རླུང་རིམ་པ་8ཡན་ཡོད།