འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་1ཉིན།

༄༅།།2027ལོར་པེ་ཅིང་དུ་འགྲན་བསྡུར་འདི་སྤེལ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་01ཉིན། 17:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་28ཉིན་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱིས་2027ལོའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་པེ་ཅིང་དུ་གཉེར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། འདི་ནི་པེ་ཅིང་གིས་ལོ་12སོང་རྗེས་སླར་ཡང་མཆོང་རྒྱུག་འཕེན་གསུམ་གྱི་སྟོན་མོ་གཟབ་རྒྱས་དེ་གཉེར་བ་རེད། 
     ཐག་གཅོད་འདི་ནི་ཀེ་ལ་སི་ཀོ་རུ་འཚོགས་པའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་234པའི་ཐོག་བྱས་པ་རེད། ཁང་པའི་ནང་གི་མཆོང་རྒྱུག་འཕེན་གསུམ་གྱི་འཛམ་གླིང་འགྲན་བསྡུར་དེ་ཟླ་3ཚེས་1ནས་ཚེས་3ཉིན་བར་ཀེ་ལ་སི་ཀོ་རུ་སྤེལ་རྒྱུ་རེད། 
     འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སའེ་པ་སི་ཏེ་ཨན་·ཁོ་ཡིས་པེ་ཅིང་དུ་2027ལོའི་མཆོང་རྒྱུག་འཕེན་གསུམ་གྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གཉེར་རྒྱུའི་རེ་ཞུར་རྟེན་འབྲེལ་ཞུས་པ་རེད། ཀྲུང་གོར་མི་འབོར་དུང་ཕྱུར་14ལས་བརྒལ་བ་ཡོད་ཅིང་འཛམ་གླིང་ཐོག་གི་ལུས་རྩལ་ཁྲོམ་ར་ཆེ་ཤོས་ཀྱི་གྲས་ཤིག་རེད། 
     པེ་ཅིང་གིས་2027ལོའི་མཆོང་རྒྱུག་འཕེན་གསུམ་གྱི་འཛམ་གླིང་འགྲན་བསྡུར་གཉེར་བ་ཕུད། ནན་ཅིང་གིས་2025ལོར་ཁང་བའི་ནང་གི་མཆོང་རྒྱུག་འཕེན་གསུམ་གྱི་འཛམ་གླིང་འགྲན་བསྡུར་གཉེར་རྒྱུ་རེད།