འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་1ཉིན།

༄༅།།ཀན་སུའུ་ཡི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་01ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་ཟླ་2ཚེས་28ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་28ཉིན་འཚོགས་པའི་ཀན་སུའུ་ཞིང་ཆེན་ཞིང་ལས་དང་གྲོང་གསེབ(གྲོང་གསེབ་དར་རྒྱས)ཀྱི་ཅུས་ཀྲང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ན་ནིང་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་ཐོན་ལས་དང་པོའི་འཕར་ཐང་5.9%འཕར་ནས་རྒྱལ་ཡོངས་ཀྱི་ཨང་བཞི་པར་སླེབས་པ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13131ཟིན་ནས་7.9%འཕར་བ་དང་། ན་ནིང་གི་ལོ་སྟོད་དང་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་4པ་དང་8པ་སོ་སོར་སླེབས་ཏེ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། དབུལ་སྒྲོལ་ས་ཁུལ་གྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12107ཟིན་ནས་8.2%འཕར་བ་དང་འཕར་ཚད་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཞིང་པའི་ཡོང་འབབ་འཕར་ཚད་ལས་བརྒྱ་ཆའི་གྲངས་0.5དང་0.3སོ་སོར་མཐོ་བ་ཡོད།
   དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། ཀན་སུའུ་ཡིས་དབུལ་སྒྲོལ་མི་འབོར་ལ་འབབ་འཕར་གཏོད་པའི་ལོ་གསུམ་བྱ་སྤྱོད་སྤེལ་ཞིང་། ནོར་སྲིད་ཀྱི་སྦྲེལ་མཐུད་མ་དངུལ་གྱི་62.9%ཐོན་ལས་འཕེལ་རྒྱས་གཏོང་བར་སྤྱད་པ་དང་། ལྟ་ཞིབ་ཚད་ལེན་བྱ་ཡུལ་67.5%ལ་ཐོན་ལས་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་གནད་སྨིན་བྱས་ཏེ་དབུལ་སྒྲོལ་མི་འབོར་ཁྲི་335ཐོན་ལས་འཁོར་འབྲེལ་ནང་བཅུག་ཡོད། དབུལ་སྒྲོལ་ངལ་ནུས་ཁྲི་199.9ཕྱིར་གཏོང་བྱས་པ་དང་། གྲོང་གསེབ་ཀྱི་ལས་ཞུགས་བཟོ་གྲྭ(རོགས་སྐྱོར་འཁོར་ཁང)2607ལ་མི་ཁྲི་10ལས་ཞུགས་བྱས་ཡོད། དབུལ་སྒྲོལ་གྲོང་ཚོའི་གྲོང་ཚོ་རིམ་པའི་འོད་ཤུགས་གློག་ཁང་གི་གློག་གཏོང་ལས་ཕྱོད་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་ཁྲི་10ས་ཆ་དེ་རང་དུ་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། ཀན་སུའུ་ཡིས“མཐེབ་གཅིག་དབུལ་ཞུའི”ལམ་སྲོལ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བཏང་ཞིང་། ན་ནིང་གི་ལོ་ཧྲིལ་པོར་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་ཁྲི་1.3གྱི་མི་ཁྲི་5.9དབྱེ་འབྱེད་གསར་པ་བྱས་པ་དང་། རིམ་རྩིས་བྱས་ན་དུད་ཚང་ཁྲི་12.1གི་མི་ཁྲི་50.1དེའི་ནང་བཅུག་པ། དུད་ཚང་རེར་ཆ་སྙོམས་རོགས་སྐྱོར་བྱ་ཐབས་ཁག་4.3བཀོད་སྒྲིག་བྱས་པས་ལྟ་ཞིབ་ཚད་ལེན་བྱ་ཡུལ་66%གི་དབུལ་ལོག་གི་ཉེན་ཁ་བསལ་ཡོད། ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་གྱི་གནོད་འཚེ་ཕོག་རྗེས“གེགས་མེད་བགྲོད་ལམ”བརྒྱུད་གནོད་འཚེ་ཕོག་པའི་དུད་ཚང་ཁྲི་1.5ཡི་མང་ཚོགས་ཁྲི་7.2ལ་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས་པ་དང་དེ་རྗེས་འབྲེལ་ཡོད་འགྲོ་ལུགས་འཐུས་སྒོ་ཚང་དུ་བཏང་ཡོད།