འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་29ཉིན།

༄༅།།འདི་ཟ་ཉོ་བྱེད་མི་རུང་བའི་སྤྱི་བསྒྲཊ་སྤེལ་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་29ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་2ཚེས་26ཉིན། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གཞུང་ཕྱོགས་དྲ་ཚིགས་ཐོག་“འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་འཐུང་ཆུའི་ཁེ་ལས་གཅིག་ཀྲུང་གོར་ཐོ་འགོད་བྱས་པའི་ཐོབ་ཐང་མེད་པར་བཟོ་རྒྱུའི་”ཁྱབ་བསྒྲགས་བྱས་པ་རེད། 
     རྩད་ཞིབ་བྱས་པ་བརྒྱུད། ཀྲུང་གོར་ཐོ་འགོད་བྱས་པའི་ཨང་རྟགས་CUSA24092203180057ཡིན་པའི་ཨ་རིའི་འཐུང་ཆུའི་ཐོན་སྐྱེད་ཁེ་ལས་JERRY&SONS PHARMACEUTICAL INCཡིས་ཐོ་འགོད་ཀྱི་རེ་བ་ཞུ་སྐབས་དཔྱད་ཡིག་རྫུས་མ་མཁོ་འདོན་བྱས་ཡོད་པ་རེད། འགག་སྒོའི་སྤྱི་ཁྱབ་ལས་ཁུངས་ཀྱིས་《ནང་འདྲེན་ཟས་རིགས་ཕྱི་རྒྱལ་ནས་ཐོན་སྐྱེད་བྱེད་པའི་ཁེ་ལས་ཐོ་འགོད་དོ་དམ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏན་འབེབས་》ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས། ཀྲུང་གོར་ཐོ་རུ་འཀོད་པའི་ཁེ་ལས་དེའི་ཐོབ་ཐང་མེད་པར་བཟོས་ཡོད། འགག་སྒོས་གོང་གསལ་ཁེ་ལས་ཀྱི་ཐོན་རྫས་འགག་སྒོར་སྙན་སེང་ཞུས་པའི་ཟིན་ཐོ་ཤེས་རྟོགས་བྱུང་མེད། 
     འགག་སྒོའི་སྤྱི་ཁྱབ་ལས་ཁུངས་ཀྱིས་འཛད་སྤྱོད་པར་དྲན་སྐུལ་བྱ་རྒྱུར། 
     གཅིག ཀྲུང་གོར་ཐོ་འགོད་བྱས་པའི་ཨང་རྟགས་CUSA24092203180057ཡིན་པའི་ཨ་རིའི་ཁེ་ལས་JERRY&SONS PHARMACEUTICAL INCཡི་ཐེན་ཆི་ཞི་མེ་ཁུ་(TiQ Prune Juice)ཚུད་པའི་འཐུང་ཆུའི་ཐོན་རྫས་ཉོ་མི་རུང་། 
     གཉིས། ཁེ་ལས་ཀྱི་འཐུང་ཆུའི་ཐོན་རྫས་དེ་ཉོས་ཡོད་ན། འཐུང་མཚམས་འཇོག་དགོས་པ་དང་། དེ་སྔའི་ཐབས་ལམ་དང་འབྲེལ་བ་བྱས་ནས་དངོས་ཟོག་ཕྱིར་བསློག་དགོས།