༄༅།།ཧྭ་ཝེ་ཁ་པར་དེའི་ནང་བཞག་པའི་ཐད་བཤད་དོན།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 02ཚེས་28ཉིན། 14:02】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་2ཚེས་27ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་གཏན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པ་ཞིག་གིས་དྲིས་དོན། གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར། དབྱིན་ཝུའེ་ཏ་ཡིས་ཨ་རིའི་དངུལ་འཛིན་ཉོ་ཚོང་ཨུ་ལྷན་ལ་ཕུལ་བའི་ཡིག་ཆའི་ནང་། ཧྭ་ཝེ་AIཉིང་ལྷེབ་སོགས་རིགས་ཁག་མང་པོའི་འགྲན་ཡ་གཙོ་བོར་ཐོག་མར་བཞག་པ་རེད། དེ་དང་ཆབས་ཅིག གལ་ཏེ་ཨ་རི་སྲིད་གཞུང་གིས་ཉིང་ལྷེབ་ཕྱིར་གཏོང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ཚེ། དབྱིན་ཝེ་ཏའི་འགྲན་རྩོད་ནུས་པར་སྔར་ལས་གནོད་འཚེ་ཐེབས་རྒྱུ་རེད་ཅེས་བཤད་པ་རེད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
མའོ་ཉིང་གིས་བཤད་དོན། དོན་དངོས་ལས་ཀྲུང་གོའི་གསར་གཏོད་འཕེལ་རྒྱས་ཀྱི་གོམ་སྟབས་འགོག་མི་ཐུབ་པར་མ་ཟད། ཨ་རིའི་ཁེ་ལས་ཚུད་པའི་ཐོན་ལས་ཧྲིལ་པོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཡང་ཕན་པ་གང་ཡང་མེད་པ་ར་སྤྲོད་བྱས་ཡོད། སྒོ་དབྱེའི་མཉམ་ལས་ནི་གློག་འདྲེན་ཕྱེད་གཟུགས་ཐོན་ལས་ཀྱི་ལྟེ་བའི་སྒུལ་ཤུགས་རེད། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་གློག་འདྲེན་ཕྱེད་གཟུགས་ཀྱི་ཁྲོམ་ར་གཙོ་བོའི་གྲས་ཤིག་ཡིན། མིས་ཁྲོམ་ར་ཁ་བྲལ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་ཀྱི་སྦྲེལ་ཐག་གཏན་འཇགས་ལ་གཏོར་བཤིག་གཏོང་བ། ལས་ཕྱོད་དང་གསར་གཏོད་ལ་འགོག་རྐྱེན་བཟོ་བ་དེ་ཕྱོགས་གང་རུང་གི་ཁེ་ཕན་དང་མཐུན་གྱི་མེད། ཨ་རི་ཕྱོགས་ཀྱིས་ཁྲོམ་རའི་དཔལ་འབྱོར་དང་དྲང་གཞག་འགྲན་རྩོད་ཀྱི་རྩ་དོན་ལ་བརྩི་སྲུང་བྱས་ནས། རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་འགྲན་རྩོད་བཟང་པོ་བྱས་པ་བརྒྱུད། ཚན་རྩལ་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས།
