འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་28ཉིན།

༄༅།།གལ་ཆེའི་གསལ་བསྒྲགས། འཛམ་གླིང་གི་ཐོག་མ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་28ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཉེ་ཆར། རང་རྒྱལ་གྱི་ཧྭ་ཝེ་ཀུང་སིས་ཞིབ་འཇུག་གསར་སྤེལ་བྱས་པའི་གོ་ལ་ཧྲིལ་པོའི་5.5Gརིག་ནུས་དྲ་བ་ལྟེ་བའི་ཐག་གཅོད་འཆར་གཞི་ཐོག་མ་དེ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། 
   5.5Gལ་5G-Aཡང་ཟེར། 5Gདང་6Gབར་གྱི་བར་བརྒལ་དུས་རིམ་གྱི་སྒུལ་བདེའི་འཕྲིན་སྐྱེལ་ལག་རྩལ་ཞིག་ཡིན། 5Gདང་བསྡུར་ན། 5.5 Gཡི་སྦྲེལ་མཐུད་མྱུར་ཚད་དང་། དུས་ཚོད་ཕྱིར་འགྱངས། གནས་ཐིག་གཏན་འཁེལ། བློས་འགེལ་རང་བཞིན་སོགས་ཀྱི་ཐད་ལྡབ་བཅུ་ཙམ་མཐོ་རུ་ཕྱིན་པ་མ་ཟད། ད་དུང་ཧའོ་སྐར་ཆ་རིམ་པའི་དུས་ཚོད་ནར་འགྱངས་དང་མ་གནས་ཆུང་བའི་སྒོར་དུང་ཕྱུར་སྟོང་གི་དངོས་ཟོག་འབྲེལ་ཐུབ་རེ་ཡོད་པ་རེད། 
    ད་ཆ། འཆར་གཞི་དེར་5.5Gཡི་ནུས་པའི་ཚད་ལེན་ཚོད་ལྟ་དང་དེ་བཞིན་ལག་རྩལ་ནུས་པའི་ཚད་ལེན་ཚོད་ལྟ་ལེགས་སྒྲུབ་བྱས་ཡོད་པ་རེད། དེའི་ཁྲོད་ཁ་པར་རྒྱག་པའི་ལག་རྩལ་གསར་པ་དེ་ཧྭ་ཝེ་5.5Gརིག་ནུས་ལྟེ་བའི་དྲ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རང་རྒྱལ་གྱི་ཞིང་ཆེན་31ཏུ་བཀོད་སྒྲིག་བྱས་པ་དང་། སྔོན་དཔག་བྱས་ན། སྤྱོད་མཁན་ཁྲི་5000ཟིན་རྒྱུ་རེད། གཞན་ཡང་། ལག་རྩལ་དེ་ཡོ་རོབ་དང་། ལ་ཏིང་ཨ་མེ་རི་ཁ་གླིང་། དབུས་ཤར་ས་ཁུལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་སོགས་ས་ཁུལ་མང་པོར་ར་སྤྲོད་རྒྱ་ཁྱབ་བྱུང་བ་དང་།  2024ལོར་དངོས་སུ་སྤྱོད་རྩིས་ཡོད་པ་རེད།