འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་28ཉིན།

༄༅།།གསེར་ཁེ་951.7ལྐོག་འདྲེན་བྱས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་28ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ་2ཚེས་21ཉིན། ཀུང་པེ་འགག་སྒོའི་ཁོངས་གཏོགས་ཀྱི་ཀྲ་ཁོའུ་འགག་སྒོ་ལས་ཁུངས་ཀྱིས་ཀུང་པེ་འགག་སྒོ་བརྒྱུད་འགྲུལ་པས་ལག་ཐོགས་ཁ་པར་སྤྱད་ནས། རྒྱལ་ནང་དུ་གསེར་ལྐོག་འདྲེན་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་གྱོད་འབྲེལ་གསེར་གྱི་ལྗིད་ཚད་ཁེ་951.7ཟིན་ཡོད་པ་རེད།
   ཉིན་དེའི་ཆུ་ཚོད་20ཙམ་ལ། ནང་སའི་བུད་མེད་ལི་ཆེ་གེ་མོ་ཀོང་པེ་འགག་སྒོའི་མགྲོན་ཁང་ཞིབ་བཤེར་ཚོམས་ཆེན་གྱི་འགག་སྒོའི་“ཡིག་ཐོག་སྙན་ཞུ་མེད་པའི་བགྲོད་ལམ་”བརྒྱུད་ནས་ཡོང་བ་རེད། ས་གནས་དེ་གའི་འབྲེལ་ཡོད་མི་སྣས་ཤེས་ཚོར་བྱུང་གསལ་དུ། ཁོ་མོས་རྒྱབ་ཁུག་གཅིག་ལས་འཁྱེར་མེད་ཀྱང་། ངོ་མདོག་འགྱུར་བས། ལམ་བར་དུ་བཀག་པ་རེད། དཔྱད་བཤེར་བྱས་པ་བརྒྱུད། འབྲེལ་ཡོད་མི་སྣས་འགྲུལ་པ་དེའི་རྒྱབ་ཁུག་ནས་ལག་ཐོགས་ཁ་པར་3རྩད་ཆོད་པ་དང་། ལུས་པོར་ལག་ཐོགས་ཁ་པར་4སྦས་པ་རྩད་ཆོད། ཞིབ་བཤེར་བྱེད་རིང་འགག་སྒོ་ལས་ཁུངས་ཀྱིས་རྩད་ཆོད་པའི་ལག་ཐོགས་ཁ་པར་7གྱི་ལྗིད་ཚད་མི་འདྲ་བ་དང་། ལག་ཐོགས་ཁ་པར་གཏོང་པ་ཡིན་པ་རེད། འགག་སྒོས་ལག་ཐོགས་ཁ་པར་7ནང་ནས་དྭངས་ཤིང་གཙང་བའི་འགྱིག་སྐུད་ཀྱིས་བཏུམས་པའི་གསེར་རྩད་ཆོད་པ་དང་། ཁྱོན་གསེར་ཁག་11ཡོད་པར་ལྗིད་ཚད་བསྡོམས་འབོར་ཁེ་951.7ཟིན་ཡོད་པ་རེད།