འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་28ཉིན།

༄༅།།ཧོ་ནན་ཨན་དབྱང་དབྱིན་ཤུས་རྟེན་མཛོད་ཁང་གསར་པ་སྒོ་ཕྱེ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་28ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་དབྱིན་ཤུས་རྟེན་མཛོད་ཁང་གསར་པ་ཡིན་པ།
འདི་ནི་དབྱིན་ཤུས་རྟེན་མཛོད་ཁང་གསར་པ་ཡིན་པ།
     ཟླ་2ཚེས་26ཉིན། ཧོ་ནན་ཨན་དབྱང་གྲོང་ཁྱེར་དུ་གནས་པའི་དབྱིན་ཤུས་རྟེན་མཛོད་ཁང་གསར་པ་དངོས་སུ་སྒོ་ཕྱེ་ཞིང་། འདི་ནི་ཕྱོགས་ཡོངས་ནས་ཧྲང་རྒྱལ་རབས་ཀྱི་ཤེས་དཔལ་མཚོན་པའི་རྒྱལ་ཁབ་ཀྱི་ཆེད་དོན་རྟེན་མཛོད་ཁང་གལ་ཆེན་ཐོག་མ་དེ་རེད། དབྱིན་ཤུས་རྟེན་མཛོད་ཁང་གསར་པའི་འགྲེམས་ཁང་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་2.2ཙམ་ཡོད་ཅིང་། གཙོ་བོ་ཟངས་ཆས་དང་། རྫ་ཆས། གཡང་ཊིའི་ཡོ་ཆས། རུས་ཆས་སོགས་རིག་དངོས་སྣ་ཁ་4000ཙམ་འགྲེམས་སྟོན་བྱས་པའི་ནང་3/4ཡན་གྱི་རྩ་ཆེའི་རིག་དངོས་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པ་རེད།