འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་27ཉིན།

༄༅།།འགོ་ཁྲིད་འདིར་ལོ་14ཡི་ཁྲིམས་ཐག་བཅད་འདུག

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་27ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     2024ལོའི་ཟླ་2ཚེས་26ཉིན། ཧྲན་ཞི་ཞིང་ཆེན་ཡུན་ཁྲེང་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཧོ་པེ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་སུང་ཐའེ་ཕིང་གིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་སུ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་བ་སུང་ཐའེ་ཕིང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་ལ་དུས་བཀག་བཙོན་འཇུག་ལོ་བཅུ་བཞི་བྱས་པར་མ་ཟད་མི་དམངས་ཤོག་སྒོར་ཁྲི་500ཡི་ཉེས་ཆད་བཅད་པ་རེད། གྱོད་དོན་རྩད་ཞིབ་དང་བཀག་ཉར་བྱས་པའི་སུང་ཐའེ་ཕིང་གིས་ལྐོག་རྔན་བླངས་པ་དང་སྐྱེད་འཕེལ་བྱུང་རིགས་ཁྲིམས་ལྟར་བདའ་འདེད་བྱས་ནས་རྒྱལ་མཛོད་ལ་འབུལ་དགོས། 
     འདྲི་ཞིབ་བྱས་ནས་རྩད་ཆོད་པ་བརྒྱུད། 2005ལོ་ནས་2017ལོའི་བར། ཞུ་སྦྱོར་ཕྱི་མ་བ་སུང་ཐའེ་ཕིང་གིས་ཧོ་པེ་ཞིང་ཆེན་མི་དོན་ཐིང་གི་ཐིང་ཀྲང་དང་། ཧོ་པེ་ཞིང་ཆེན་པའོ་ཏིང་གྲོང་ཨུའི་ཧྲུའུ་ཅི། ཧོ་པེ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སོགས་འགན་འཁུར་བའི་གོ་གནས་ཐད་ཀྱི་སྟབས་བདེ་བེད་སྤྱད་དེ། མི་གཞན་ལ་ལས་གྲྭའི་རྣམ་གྲངས་སྒྲུབ་འགན་ལེན་པ་དང་། ལས་བྱེད་པ་འདེམས་བསྐོ། ལས་མི་བསྡུ་བ་སོགས་ཀྱི་ཐད་རོགས་རམ་བྱས་ཡོད། 2003ལོའི་ཟླ་3པ་ནས་2021ལོའི་ཟླ་3པའི་བར། སུང་ཐའེ་ཕིང་གིས་སྔ་གཞུག་ཏུ་ཁྲིམས་འགལ་གྱིས་རྒྱུ་ནོར་ཐེངས་མང་བླངས་ནས་བསྡོམས་པས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་6949ལྷག་ཟིན་ཡོད། 
     ཡུང་ཁྲེང་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་བ་སུང་ཐའེ་ཕིང་གི་བྱ་སྤྱོད་ཀྱིས་ལྐོག་རྔན་བླངས་པའི་བྱས་ཉེས་བསགས་ཡོད་ལ། ལྐོག་རྔན་བླངས་པའི་གྲངས་འབོར་ཤིན་ཏུ་མང་བའི་ངོས་འཛིན་བྱས་པ་རེད། སུང་ཐའེ་ཕིང་གིས་གྱོད་གཞིར་འདྲི་གཅོད་བྱེད་དུས་དོན་དངོས་ཇི་བཞིན་ངོས་ལེན་བྱས་པ་དང་། གྱོད་གཞི་ཞིབ་གཅོད་ལས་ཁུངས་ཀྱིས་ལག་ཏུ་མ་བཟུང་བའི་ལྐོག་རྔན་བླངས་པའི་ཉེས་བསགས་དོན་དངོས་མང་ཆེ་བ་རང་འགུལ་ངང་ངོས་ལེན་ཞུས་པ་དང་། མི་གཞན་གྱི་ཁྲིམས་འགལ་བྱས་ཉེས་ཐེར་འདོན་བྱས་ཤིང་། བྱས་རྗེས་ཆེན་པོ་བཞག་པའི་བྱ་སྤྱོད་ཡོད་པ་དང་། ནག་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ། བཙོག་དངུལ་དང་རྒྱུ་རྫས་ཚང་མ་ཕྱིར་སྤྲོད་བྱས་པར་དམིགས་ནས། ཁྲིམས་ལྟར་ཉེས་ཆད་ཡང་མོ་བཅད་པ་རེད། ཁྲིམས་ཁང་གིས་གོང་གི་དཔྱད་མཚམས་བཏང་།