འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་27ཉིན།

༄༅།།ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་དགོས།

—— འཐུས་མི་དང་ཨུ་ཡོན་ཚོས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་དགོས་པའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་27ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའུ་གཡོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ནི་སློབ་གསོའི་རྩ་བའི་གནད་དོན་ཞིག་ཡིན་ལ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་ལྟེ་བའི་ཞིབ་འཇུག་བྱ་གཞིའང་ཡིན”
     “མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་ཡག་པོ་སྒྲུབ་པར་ལས་དོན་ལ་བསྟུན་ནས་སྒྲུབ་པ་དང་། དུས་བབ་དང་བསྟུན་ནས་འཕེལ་རྒྱས་གཏོང་བ། དུས་བབ་དང་བསྟུན་ནས་གསར་གཏོད་བཅས་བྱེད་དགོས”
     “མངོན་ཡོད་ཀྱི་སློབ་གསོ་དང་མངོན་མེད་ཀྱི་སློབ་གསོ་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་བྱེད་དགོས་ལ། སློབ་ཚན་གཞན་དག་དང་སློབ་ཁྲིད་བྱེད་ཐབས་ཁྲོད་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ཐོན་ཁུངས་སྔོག་འདོན་བྱས་ཏེ་མི་སྣ་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་དགོས”
     “དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་རྨང་གཞིའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་དགོས”ཞེས་གསུངས།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ནི་སློབ་གསོའི་རྩ་བའི་གནད་དོན་ཞིག་ཡིན་ལ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་ལྟེ་བའི་ཞིབ་འཇུག་བྱ་གཞིའང་ཡིན”ཞེས་དང“ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས”ཞེས་གསུངས་ཡོད།
     སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་པའི་ལམ་བུར་རྒྱ་ཆེའི་སློབ་གསོའི་ལས་དོན་པ་ཚོའི་གསོ་སྐྱོང་ཧུར་ཐག་འོག་སློབ་མ་དུང་ཕྱུར་མང་པོ་བདེ་ཐང་ངང་འཚར་ལོངས་བྱུང་ཡོད།
     མི་རིང་བའི་གོང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་པེ་ཅིང་དགེ་འོས་སློབ་ཆེན་རྒྱལ་ཁབ་མཐོ་རིམ་ཇུས་འདོན་ཚོགས་པའི་སློབ་གསོ་དང་རྒྱལ་བབ་བརྟག་དཔྱད་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཀྲི་ཡུང་གིས་སློབ་ཆེན་སློབ་མ་སྒྲིག་འཛུགས་བྱས་ཏེ་དགུན་ཁའི་གུང་གསེང་རིང་ཕ་ཡུལ་དུ་ལོག་པའི་དུས་ཚོད་སྤྱད་དེ་སློབ་གསོར་བརྟག་དཔྱད་དང་ཉེ་འགྲམ་གྱི་མི་དམངས་དགེ་རྒན་གྱི་སར་བསྐྱོད་དེ་དགེ་རྒན་ཚོའི་བསམ་པའི་ཉམས་འགྱུར་དང་བབ་ཆགས་ཀྱི་བརྩེ་སེམས་ཚོར་བར་བྱས་ཡོད།
     ཨུ་ཡོན་ཀྲང་ཀྲེ་ཡུང་གིས“མཐོ་སློབ་ཀྱིས་དགེ་འོས་སློབ་མའི་ཕུགས་བསམ་དང་དད་སེམས་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་པ་དང་དགེ་འོས་སློབ་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་འཆང་བར་ཁྲིད་སྟོན་བྱས་ནས་ཏང་དང་མི་དམངས་བློ་ཡིད་ཚིམ་པའི‘བཞི་ལྡན’གྱི་དགེ་རྒན་ཡག་པོ་ཞིག་ཏུ་ཧུར་ཐག་འགྱུར་བར་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི”གྲོས་འགོ་བཏོན་པ་རེད།
     ཅང་སུའུ་ཧོའེ་ཨན་གྲོང་ཁྱེར་ཤིན་ཨན་སློབ་ཆུང་དུ་སློབ་ཕྲུག་ཚོས་ཤིན་ཨན་ཡུལ་སྐོར་ཚོགས་པའི་ལོ་རྒྱུས་དྲན་གསོ་ཁང་དུ་འགྲེལ་བཤད་པ་བྱས་ནས་གསར་བརྗེའི་གཏམ་རྒྱུད་བརྗོད་ཀྱི་ཡོད། ཤིན་ཨན་སློབ་ཆུང་ནི་ཤིན་ཨན་ཡུལ་སྐོར་ཚོགས་པའི་མ་ཡུམ་སློབ་གྲྭ་ཡིན། སྐབས་དེ་དུས་དམག་འཁྲུག་གི་མེ་ལྕེའི་ཁྲོད“ཤིན་ཨན་ཡུལ་སྐོར་ཚོགས་པས”དཀའ་སྡུག་ལ་མི་སྐྲག་པར་ཀྲུང་གོའི་ས་ཆ་ཕྱེད་ཀ་ལྷག་ཙམ་དུ་བསྐྱོད་དེ་རིག་རྩལ་མཚོན་ཆར་བྱས་ནས་དམངས་ཚོགས་ཀྱི་རི་འགོག་རྒྱལ་སྐྱོབ་ཀྱི་ངར་སེམས་འཕེལ་བ་བྱས་པ་མ་ཟད། ཏང་གི་འདོད་ཚུལ་དྲིལ་བསྒྲགས་བྱས་ཡོད།
     2023ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཤིན་ཨན་སློབ་ཆུང་གི་སློབ་སྤྱི་ཀྲང་ཏ་ཏུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སློབ་གྲྭས་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་ཕྲུ་གུ་ཚོས་ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
     2023ལོའི་ཟླ་8པར། སློབ་གྲྭས་ནང་སྦྱོང་བྱས་པའི་བྱིས་པའི་ཟློས་གར《ཤིན་ཨན་ཡུལ་སྐོར་ཚོགས་པ》ཞེས་པ་པེ་ཅིང་དུ་འཁྲབ་སྟོན་བྱས། “ང་ཚོས་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱད་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་གཞོན་ནུ་ལོ་ཆུང་ཚོ‘གདེང་ཚོད་བཞི’ལྡན་པའི་ཕྲུ་གུར་དངོས་སུ་གསོ་སྐྱོང་བྱས་ཡོད”ཅེས་འཐུས་མི་ཀྲང་ཏ་ཏུང་གིས་གསུངས།
     གཞོན་ནུ་ལོ་ཆུང་གི་དུས་མཚམས་ནི་མི་ཚེའི“མྱུ་གུ་རྒྱས་པའི་དུས”ཡིན་པས། ཁྲིད་སྟོན་ཞིབ་ཚགས་དང་ངང་རྒྱུད་རིང་པོས་གསོ་སྐྱོང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་ཡག་པོ་སྒྲུབ་པར་ལས་དོན་ལ་བསྟུན་ནས་སྒྲུབ་པ་དང་། དུས་བབ་དང་བསྟུན་ནས་འཕེལ་རྒྱས་གཏོང་བ། དུས་བབ་དང་བསྟུན་ནས་གསར་གཏོད་བཅས་བྱེད་དགོས”ཞེས་གསུངས་ཡོད།
     ཀོང་ཤིས་མི་རིགས་རྟེན་མཛོད་ཁང་དུ་ལྟ་སྐོར་དང་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཐད་གཏོང་རྟེན་གཞིར་བརྟག་ཞིབ་བྱས་ཏེ་དགུན་ཁའི་གུང་གསེང་བཏང་ཚར་བའི་ཀྲུང་གོ་མི་དམངས་སློབ་ཆེན་གྱི“རྒྱལ་ཁབ་ཆེན་པོའི་མཐའ་མཚམས”ཀྱི་དགེ་སློབ་ལག་ལེན་ཚོགས་པས་ཀོང་ཤིས་སུ་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་ནས་གསོན་ཉམས་ལྡན་པའི“བསམ་བློ་ཆབ་སྲིད་ཀྱི་སློབ་ཚན”འཁྲིད་ཡོད།
     ལག་ལེན་གྱི་ཁྲོད་ནས་གོ་དོན་རྟོགས་པ་དང་། གོ་དོན་རྟོགས་པའི་ཁྲོད་འཚར་ལོངས་ཡོང་བ་བྱེད་དགོས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་སྤྱི་ལིན་ཧྲང་ལི་ཡིས“ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་མེས་རྒྱལ་གྱི་ས་གཞི་ཆེ་མོར་བསྐྱོད་པ་དང་། མིག་གིས་ཀྲུང་གོའི་སྙིང་སྟོབས་ཤེས་རྟོགས། རྣ་བས་མི་དམངས་ཀྱི་འབོད་སྒྲ་ཉན་པ། སེམས་གཏིང་ནས་དུས་རབས་ཀྱི་འཕར་རྩ་ཚོར་བ་བཅས་བྱེད་དགོས”ཞེས་གསུངས། ཀྲུང་གོ་མི་དམངས་སློབ་ཆེན་གྱིས་མི་སྐྱོང་བའི་ལག་ལེན་ཁྲོད་ས་གཞི་ཆེ་མོ་སློབ་ཁང་དུ་བྱས་ནས་རྒྱ་ཆེའི་གཞོན་ནུ་སློབ་མར་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
     “འབྱུང་འགྱུར་ང་ཚོས་དགེ་རྒན་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། སློབ་ཚན་གྱི་སྤུས་ཚད་མཐོ་རུ་གཏོང་བ། བྱེད་པོའི་དབར་མཐུན་སྦྱོར། ཐོན་ཁུངས་བསྡུ་སྒྲིལ། ལས་སྟེགས་བསྐྲུན་པ། གྲུབ་ཆ་གསར་པ་གཏོད་པ་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་སྒྱུར་བཅོས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས”ཞེས་འཐུས་མི་ལིན་ཧྲང་ལི་ཡིས་གསུངས།
     མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་འཁུར་བའི་དུས་རབས་ཀྱི་མི་གསར་སྐྱོང་བར་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་རྒྱུ་དེ་སློབ་གསོའི་ལྷུ་ཚིགས་ཁག་དང་མཉམ་འདྲེས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མངོན་ཡོད་ཀྱི་སློབ་གསོ་དང་མངོན་མེད་ཀྱི་སློབ་གསོ་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་བྱེད་དགོས་ལ། སློབ་ཚན་གཞན་དག་དང་སློབ་ཁྲིད་བྱེད་ཐབས་ཁྲོད་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ཐོན་ཁུངས་སྔོག་འདོན་བྱས་ཏེ་མི་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
     དཔྱིད་དུས་རི་ཀླུང་སྔོ་ལྗང་གིས་བརྒྱན་པའི་རྒྱ་མཚོའི་ཡུན་ནན་ཏ་ལི་ཀུའུ་ཧྲེང་གྲོང་ཚོའི་ཚན་རྩལ་སྒོ་ར་ཆུང་ངུར་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ལས་ལ་བྲེལ་བཞིན་འདུག་ལ། ཚོད་ལྟའི་ཞིང་ཁར་སྣ་ཁ་གསར་པའི་པད་ཁ་སྐྱེ་འཚར་བཟང་བས་མི་རྣམས་དགའ་འོས་པ་ཞིག་ཡོད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་བཅས་ཡིན་པའི་ཀྲང་ཧྥུའུ་སུའོ་ཡིས། ཀུའུ་ཧྲེང་གྲོང་ཚོའི་ཚན་རྩལ་སྒོ་ར་ཆུང་ངུའི་དགེ་སློབ་ཚོར་ས་ངོས་ཀྱི་སྦགས་བཙོག་དབྱེ་ཞིབ་དང་སྔོན་འགོག་ཚོད་འཛིན་དང་དེ་བཞིན་རིན་ཐང་ཆེ་བའི་སྐྱེ་དངོས་མ་ལག་གཏོད་པ་དང་ལེགས་སུ་གཏོང་བ་སོགས་ཀྱི་འགག་སྒྲོལ་ལ་དམིགས་ནས་མཛུབ་ཁྲིད་བྱེད་བཞིན་ཡོད།
     “2009ལོར་ཧོ་པེའི་ཆུས་ཀྲོའུ་རྫོང་དུ་ཚན་རྩལ་སྒོ་ར་ཆུང་ཆུང་དང་པོ་བཙུགས་པ་ནས་ད་བར་ས་གནས་ཁག་ཏུ་ཚན་རྩལ་སྒོ་ར་ཆུང་ངུ་ཁྱབ་གདལ་གཏོང་བའི་བར་ང་ཚོས་ཞིང་ནང་མུ་ཁ་དང་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་ལས་སྟེགས་བཏོད་ཡོད” འཐུས་མི་ཀྲང་ཕུའུ་སུའོ་ཡིས“འབྱུང་འགྱུར་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བ་རྩ་བར་འཛིན་པ་མཐའ་འཁྱོངས་དང་ཞིང་སྟོབས་ཞིང་དར་བྱེད་པ་དེ་རང་ཉིད་ཀྱི་ལས་འགན་དུ་བརྩིས་ནས་ཞིང་ལས་ཤེས་པ་དང་ཞིང་ལས་ལ་དགའ་ཞེན་བྱེད་མཁན་ཤེས་ལྡན་པ་གསར་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས”ཞེས་གསུངས།
     སློབ་གསོ་སྟོབས་ཆེར་གཏོང་བར་སྔོན་ལ་དགེ་རྒན་གྱི་དཔུང་ཁག་སྟོབས་ཆེར་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་རྨང་གཞིའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
     དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པར་ཀྲུང་གོའི་བརྩེ་སེམས་ཡོད་དགོས་ལ། འཛམ་གླིང་གི་མིག་རྒྱང་དང་རྒྱལ་སྤྱིའི་མཐོང་རྒྱ་ཡང་ཡོད་དགོས། ཨུ་ཡོན་ཀྲང་ཀྲེ་ཡུང་གིས“རྒྱ་ཆེའི་དགེ་རྒན་གྱིས་འཆད་སྟེགས་བརྟན་པོར་སྲུང་བ་དང་བློ་རྩེ་གཅིག་སྒྲིམ་ངང་དཔེ་ཁྲིད་མི་སྐྱོང་བྱས་ཏེ་སློབ་མ་ཚོས་རྒྱལ་ཁབ་འཛུགས་སྐྲུན་གྱི་འོས་འགན་ཕྲག་ཏུ་འཁུར་བར་སློབ་གསོ་ཁྲིད་སྟོན་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་ལེགས་སྐྱེས་འབུལ་བའི་འགན་འཁྲི་འཁུར་དགོས”ཞེས་གསུངས།
     སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་མི་དམངས་ཀྱི་བདེ་སྐྱིད་ཀྱི་རྩ་བ་ཟབ་གཏོད་དང་སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་འབྱོར་གྱི་རྨང་གཞི་བརྟན་དུ་གཏོང་དགོས། འཐུས་མི་དང་ཨུ་ཡོན་ཚོས་གདེང་ཚོད་བརྟན་པོ་དང་སྙིང་རུས་གཏན་འཁྱོངས་བྱས་ཚེ། སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་སྲ་བརྟན་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་གོམ་སྟབས་དེ་བས་བརྟན་དུ་འགྲོ་ངེས་རེད་ཅེས་གསུངས་པ་རེད།
     (པ་སངས་ཀྱིས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)