འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་26ཉིན།

༄༅།།འདི་རུ་འཛམ་གླིང་གི་ཆེས་ཆེ་བའི་སྣུམ་ཞིང་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་26ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀྲུང་གོའོ་མཚོ་སྣུམ་ཀུང་སིས་ཚེས་25ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། རང་རྒྱལ་གྱི་པོ་ཧའེ་རྒྱ་མཚོའི་གཏིང་ཟབ་ཀྱི་སྣུམ་རླངས་རྩད་ཞིབ་བྱས་པར་སླར་ཡང་ཤེས་རྟོགས་གསར་པ་བྱུང་ནས། ཏུན་དུང་ཕྱུར་རིམ་པའི་སྣུམ་ཞིང་པོའོ་ཀྲུང་དུ་26-6གི་སྣུམ་ཞིང་གསོར་འབིགས་རྩད་ཞིབ་ཁྲོན་བུའི་ཚད་ལེན་ཚོད་ལྟའི་ཐོན་ནུས་གསར་གཏོད་བྱེད་ཚད་མཐོ་ཤོས་ཡིན་པ་དང་། རྩད་ཆོད་པའི་སྣུམ་རླངས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་4000ལྷག་ཙམ་མང་དུ་ཕྱིན་ཏེ། སྣུམ་ཞིང་དེར་རིམ་རྩིས་བརྒྱབ་ན་རྩད་ཆོད་པ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་2ལྷག་ཙམ་ཟིན་ནས། གོ་ལ་ཧྲིལ་པོའི་འགྱུར་རྡོའི་བྲག་རྡོའི་སྣུམ་ཞིང་ཆེ་ཤོས་སུ་གྱུར་ཡོད་པ་རེད། 
     པོ་ཀྲུང་26-6སྣུམ་ཞིང་དེ་པོའོ་ཧའེ་རྒྱ་མཚོའི་ལྷོ་རྒྱུད་མཚོ་ཁོངས་སུ་གནས་ཤིང་ཐེན་ཅིན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་170ཙམ་ཡོད་པ་དང་ཆ་སྙོམས་མཚོའིགཏིང་ཚད་སྨི་22.1ཟིན་ཡོད། 2023ལོར་ཤེས་རྟོགས་བྱུང་བ་ནས་བཟུང་སྔ་རྗེས་སུ་ཁྲོན་པ་མང་པོ་གསོར་འབིགས་རྩད་ཞིབ་བྱས་པའི་ནང་། པོའོ་ཀྲུང་གི་26-2བྱང་གི་ཁྲོན་པ་2ལ་སྣུམ་རླངས་རིམ་པ118ཡོད་པ་དང་། ཉིན་རེའི་ཆ་སྙོམས་སྣུམ་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་390ལས་བརྒལ་བ་དང་། ཉིན་རེར་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་5ལས་བརྒལ་ནས། སྣུམ་ཞིང་དེའི་གསོར་འབིགས་རྩད་ཞིབ་ཁྲོན་པས་ཐོན་ནུས་ཀྱི་ཆེས་མཐོའི་ཟིན་ཐོ་བཏོད་ཡོད་པ་རེད།