འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་26ཉིན།

༄༅།།ཟླ་དང་པོར་རང་རྒྱལ་གྱིས་ཕྱི་དངུལ་སྒོར་ དུང་ཕྱུར་1127.1བསྡུ་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་26ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། ཚོང་དོན་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོར་རྒྱལ་ཡོངས་སུ་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་4588གསར་དུ་བཙུགས་པ་དེ་དུས་མཚུངས་ལས་74.4%འཕར་བ་དང་། ཕྱི་དངུལ་དངོས་སུ་སྤྱོད་ཚད་སྒོར་དུང་ཕྱུར་1127.1ཟིན་པ་དེ་དུས་མཚུངས་ལས་11.7%ཆག་པ་དང་ཟླ་གོང་མའི་དུས་མཚུངས་ལས་20.4%འཕར་ཡོད།
     ལས་རིགས་ནས་བལྟས་ཚེ། བཟོ་སྐྲུན་ལས་རིགས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་ཚད་སྒོར་དུང་ཕྱུར་331.1ཟིན་པ་དེ་དུས་མཚུངས་ལས་20.5%འཕར་བའི་ནང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་ཚད་40.6%འཕར་ཡོད། ལག་རྩལ་མཐོ་བའི་ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར་391.6འདྲེན་པ་དེས་ཕྱི་དངུལ་དངོས་སུ་སྤྱོད་པའི་དངུལ་གྲངས་ནང་བཟུང་བའི་བསྡུར་ཚད་34.7%ཟིན་ཡོད།
     ཡོང་ཁུངས་ནས་བལྟས་ཚེ། རྣམ་གྲངས་ཆེན་པོའི་སྐུལ་ཁྲིད་དང་དུས་མཚུངས་ཀྱི་གཞི་གྲངས་སོགས་རྒྱུ་རྐྱེན་གྱི་ནུས་པའི་འོག ཧྥ་རན་སེ་དང་སུའེ་ཏེན་གྱི་འཕར་ཚད་ལྡབ་25དང་ལྡབ་11སོ་སོར་ཟིན་པ་དང་། འཇར་མན་དང་། ཨོ་སི་ཁྲུ་ལི་ཡ། སིང་ཀ་ཕོར་བཅས་ཀྱིས་ཀྲུང་གོར་དངོས་སུ་མ་དངུལ་གཏོང་ཚད་དུས་མཚུངས་ལས་211.8%དང་། 186.1% 77.1%(དེའི་ནང་སྒོ་ཁྲལ་འཇལ་མི་དགོས་པའི་གྲུ་ཁ་བརྒྱུད་མ་དངུལ་བཏང་བའི་གྲངས་གཞི་ཚུད་ཡོད)བཅས་སོ་སོར་འཕར་ཡོད།
     “སྤྱིའི་ཆ་ནས་བལྟས་ཚེ་འདི་ལོའི་ཟླ་དང་པོའི་མ་དངུལ་འདྲེན་ཚུལ་ན་ནིང་གི་གཞི་ཁྱོན་འཕར་ཆག་དང་གྲུབ་ཆ་ལེགས་གཏོང་གི་ཁྱད་ཆོས་རྒྱུན་མཐུད་བྱས་ཡོད” ཚོང་དོན་པུའི་ཕྱི་དངུལ་སིའི་འགན་འཁུར་བས། ཟླ་དང་པོར་གསར་དུ་བཙུགས་པའི་ཕྱི་དངུལ་ཁེ་ལས་དུས་མཚུངས་ལས་74.4%འཕར་བ་དང་རྒྱལ་སྒྲོལ་ཀུང་སིས་ཀྲུང་གོའི་ཁྲོམ་རའི་འཕེལ་རྒྱས་ཀྱི་གོ་སྐབས་ལ་སྔར་བཞིན་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད། ཕྱི་རྒྱལ་གྱི་ཚོང་པས་ཀྲུང་གོར་མ་དངུལ་གཏོང་ཚད་ན་ནིང་ཚུན་གྱི་ཐོན་ལས་གྲུབ་ཆ་ལེགས་གཏོང་དང་བཟོ་སྐྲུན་ལས་རིགས་བསྐྱར་འཕར་གྱི་འཕེལ་ཕྱོགས་རྒྱུན་མཐུད་བྱས་པ་དེ་ཐོག་ནས་རང་རྒྱལ་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་བསྟུན་ནས། ཕྱི་རྒྱལ་གྱི་ཚོང་པས་ཀྲུང་གོར་མ་དངུལ་གཏོང་ཚད་ཀྱང་རྒྱུན་མཐུད་ཕྱོགས་སྒྱུར་རིམ་སྤོར་བྱས་པ་མཚོན་ཡོད། རྒྱལ་ཁབ་མི་འདྲ་བ་ནས་བལྟས་ཚེ་དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་ཁག་གཅིག་གིས་ཀྲུང་གོར་མ་དངུལ་གཏོང་ཚད་ཅུང་མགྱོགས་པོ་འཕར་ཡོད།
     (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)