འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་26ཉིན།

༄༅།།ཧའེ་ནན་ལ་ཨུ་རུ་སུའི་ཡུལ་སྐོར་བས་དགའ་པོ་བྱེད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་26ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ་2ཚེས་15ཉིན་ནས་བཟུང་། ཨུ་རུ་སུ་མཁའ་འགྲུལ་ཀུང་སིས་ཧའེ་ནན་དུ་འཕུར་བའི་དུས་གཏན་གནམ་གྲུའི་གྲངས་འབོར་ལྡབ་གཅིག་མང་དུ་བཏང་ནས་གཟའ་འཁོར་རེར་དུས་གཏན་གནམ་གྲུ་ཐེངས་གྲངས་4ཟིན་ཡོད། ཨུ་རུ་སུའི་ཡུལ་སྐོར་ལས་དོན་ཁང་གིས་དུས་གཏན་གནམ་གྲུའི་ཐེངས་གྲངས་མང་དུ་གཏོང་རྒྱུ་ནི་དགོས་ངེས་བྱ་ཐབས་ཤིག་རེད་ཅེས་བརྗོད་ཀྱི་ཡོད།
    ཨུ་རུ་སུའི་པར་རྒྱག་མཁས་ཅན་ཡཱ་ལི་ཧྲན་ཏ·ཨན་ཏེ་ལེ་ཡེ་ཕུའུ་ཡིས“སན་ཡཱ་ཡི་མཚོན་རྟགས་བྱང་བུ་མང་ཆེ་བ་དང་ལྷག་པར་དུ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མཚོན་རྟགས་བྱང་བུ་ཚང་མར་ཀྲུང་གོ་དང་། དབྱིན་ཇི། ཨུ་རུ་སུ་བཅས་ཡིག་རིགས་གསུམ་སྤྱད་ཡོད་ལ། ས་གནས་དེ་གའི་མིས་ཨུ་རུ་སུ་བར་འཛིན་པའི་རྣམ་འགྱུར་ལ་ཡང་ཧ་ཅང་ཡག་པོ་འདུག ངས་གླིང་ཕྲན་ཧྲིལ་པོར་ཡུལ་སྐོར་བྱས་པས། ས་གནས་ཚང་མར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་མ་ཟད། རོགས་རམ་ཡང་སྣ་ཚོགས་ཐོབ་བྱུང་ཞེས་བརྗོད། ཁོང་ཚོས་ང་ཨུ་རུ་སུ་ནས་ཡོང་བ་ཤེས་སྐབས། ཚང་མས་དགའ་པོ་བྱེད་ཀྱི་འདུག་ལ་ང་དང་མཉམ་དུ་པར་ཡང་བརྒྱབ་ཀྱི་འདུག”ཅེས་བརྗོད།
    ཧའེ་ནན་སན་ཡཱ་ཡིས་ཨུ་རུ་སུའི་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་གྲ་སྒྲིག་བྱས་ཟིན་ལ། ས་གནས་དེ་གས་ཨུ་རུ་སུའི་ཡུལ་སྐོར་བར་དགའ་བསུ་ཞུ་ཡི་ཡོད། གལ་ཏེ་ཟླ་བ་གཅིག་གི་གོང་དུ་ས་གནས་དེ་གར་ཨུ་རུ་སུའི་ཞིམ་ཟས་མཁོ་འདོན་བྱེད་མཁན་ཟ་ཁང་འདང་ངེས་ཤིག་མེད་ཅེས་བརྗོད་ཚེ། ད་ཆ་རྒྱལ་ཁབ་གཉིས་པོའི་ཐད་གཏོང་གནམ་གྲུ་ཤར་གཏོང་ཐུབ་པ་དང་ཆབས་ཅིག ས་གནས་དེ་གར་ཨུ་རུ་སུའི་ཡུལ་སྐོར་བར་དམིགས་པའི་ཟ་ཁང་མང་པོ་ཞིག་ཡོད། ད་ཆ་ཤར་རྒྱ་མཚོ་ཆེ་མོར“ཁེ་ཆིའུ་ཧྲ”ཨར་ཁང་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཞིམ་ཟས་ཀྱི་ཟ་ཁང་སོགས་གཉེར་སྐྱོང་བྱེད་བཞིན་ཡོད་ལ། ཨུ་རུ་སུ་བ་མང་པོ་ཞིག་དེ་གར་ངལ་གསོ་དང་ལུས་གསོ་བྱེད་པར་ཡོང་གི་ཡོད།
    —— ཨུ་རུ་སུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་།