འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་23ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་དུད་ཚང་4469ཡི་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཁྱིམ་ཚང་ལ་རྒན་འཕྲོད་ཅན་གྱི་སྒྱུར་བཀོད་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་23ཉིན། 12:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་2ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་མཚོ་སྔོན་ཞིང་ཆེན་གྱིས་རྒན་རྒོན་གྱི་ཁྱིམ་སྡོད་འཚོ་བའི་ཁོར་ཡུག་ཆ་རྐྱེན་ལེགས་སུ་ནུས་ལྡན་གཏོང་བར་དམིགས་ནས། དུད་ཚང་4469ཡི་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཁྱིམ་ཚང་ལ་རྒན་འཕྲོད་ཅན་གྱི་སྒྱུར་བཀོད་བྱས་པས། རྒན་རྒོན་གྱི་ཁྱིམ་སྡོད་འཚོ་བའི་བདེ་འཇགས་རང་བཞིན་དང་། སྟབས་བདེའི་རང་བཞིན། བདེ་སྐྱིད་སྟོན་གྲངས་བཅས་ཆེ་རུ་ནུས་ལྡན་ཕྱིན་ཡོད།
     རྒན་འཕྲོད་ཅན་གྱི་སྒྱུར་བཀོད་རྣམ་གྲངས་ཚད་ལྡན་ངང་ལག་ལེན་བསྟར་ཆེད། མཚོ་སྔོན་ཞིང་ཆེན་དམངས་སྲིད་སྡེ་ཚན་གྱིས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཁྱིམ་སྡོད་རྒན་འཕྲོད་ཅན་གྱི་སྒྱུར་བཀོད་ལག་བསྟར་ཇུས་གཞི་བཟོས་ཏེ། རེ་ཞུ་ཞིབ་དཔྱད་དང་། ཚོད་སྐོར་དང་ཞིབ་བཤེར་རྩིས་ལེན། ཨར་སྐྲུན་ཚད་གཞི་སོགས་འགག་རྩའི་བརྒྱུད་རིམ་ཞིབ་ཚགས་སུ་བཏང་བ་མ་ཟད། ཤང་དང་གྲོང་རྡལ(ཁྲོམ་གཞུང)ཁག་དང་མཉམ་དུ་འདོད་མོས་ཡོད་མཁན་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཁྱིམ་ཚང་ལ་རྒན་འཕྲོད་ཅན་གྱི་སྒྱུར་བཀོད་རེ་ཞུ་བྱེད་པར་རང་འགུལ་ངང་གཞོགས་འདེགས་བྱས་ཡོད། 2023ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་དུད་ཚང་4469ཡི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཁྱིམ་ཚང་རྒན་འཕྲོད་ཅན་གྱི་སྒྱུར་བཀོད་ལས་འགན་ལེགས་སྒྲུབ་བྱས་པ་དང་། དུད་ཚང་1576གིས་མགྱོགས་མྱུར་ལག་བསྟར་བྱས་ཏེ་སྔ་སྣུར་ནས“ལོ་ལྔ་ཚན་བཅུ་བཞི་པའི”རྒན་གསོའི་ཞབས་ཞུའི་འཆར་འགོད་ལས་འགན་ལེགས་སྒྲུབ་བྱས་པ་རེད། 2024ལོར་དུད་ཚང་1500ལ་སྒྱུར་བཀོད་བྱེད་པའི་ལས་འགན་སྤྲད་དེ་སྒྱུར་བཀོད་ཞབས་ཞུ་མུ་མཐུད་སྤེལ་ནས། རྒན་རྒོན་གྱི་ཁྱིམ་སྡོད་འཚོ་བར་བདེ་འཇགས་དང་སྟབས་བདེ་མང་ཙམ་བསྐྲུན་རྒྱུ་རེད།