འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་23ཉིན།

༄༅།།རྒྱལ་ཡོངས་ཀྱི་གྲངས་གཞིའི་ཐོན་ཁུངས་གནས་ཚུལ་ལ་བརྟག་དཔྱད་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་23ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་གྲངས་གཞི་ཅུས་སོགས་སྡེ་ཚན་བཞིས་རྒྱལ་ཡོངས་ཀྱི་གྲངས་གཞིའི་ཐོན་ཁུངས་ལ་བརྟག་དཔྱད་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་བ་རེད། བརྡ་ཐོའི་ནང་བཏོན་དོན། 《གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་འཆར་འགོད》ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གྲངས་གཞིའི་ཐོན་ཁུངས་ཀྱི་གཞི་གྲངས་མཐིལ་རྟོགས་བྱེད་པ། གྲངས་གཞིའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་མགྱོགས་མྱུར་བྱེད་པ། གྲངས་གཞིའི་རྒྱུ་རྐྱེན་གྱི་རིན་ཐང་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱ་ཆེད། རྒྱལ་ཁབ་གྲངས་གཞི་ཅུས་དང་། ཀྲུང་དབྱང་དྲ་འཕྲིན་ཨུ་ལྷན་གཞུང་དོན་ཁང་། བཟོ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་རྒྱལ་ཡོངས་ཀྱི་གྲངས་གཞིའི་ཐོན་ཁུངས་གནས་ཚུལ་ལ་བརྟག་དཔྱད་བྱས་ནས་ཚན་པ་ཁག་གི་གྲངས་གཞིའི་ཐོན་ཁུངས་ཐོན་སྐྱེད་གསོག་འཇོག་དང་། འཁོར་རྒྱུག་ཉོ་ཚོང་། གསར་སྤེལ་བེད་སྤྱོད། བདེ་འཇགས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱས་ཏེ་འབྲེལ་ཡོད་སྲིད་ཇུས་བཟོ་བ་དང་ཚོད་ལྟ་དཔེ་སྟོན་སོགས་ཀྱི་ལས་དོན་ལ་གྲངས་གཞིའི་རྒྱབ་སྐྱོར་བྱེད་དགོས།
     1.ཞིང་ཆེན་རིམ་པའི་གྲངས་གཞི་དོ་དམ་ལས་ཁུངས་དང་། བཟོ་ལས་དང་ཆ་འཕྲིན་ཅན་གྱི་གཙོ་འགན་སྡེ་ཚན། སྤྱི་བདེ་ཐིང(ཅུས)བཅས་དང་། 2.ཞིང་ཆེན་ཁག་གི་གཙོ་གནད་གྲངས་གཞི་འཚོལ་བསྡུ་དང་གསོག་འཇོག་སྒྲིག་ཆས་ཚོང་པ་དང་། འཛད་སྤྱོད་དྲ་སྦྲེལ་ལས་སྟེགས་དང་བཟོ་ལས་དྲ་སྦྲེལ་ལས་སྟེགས་ཀྱི་ཁེ་ལས། གྲངས་གཞི་ཆེ་མོ་དང་མི་ནུས་དང་རིག་ནུས་དང་ལག་རྩལ་ཁེ་ལས། ཉེར་སྤྱོད་ཁེ་ལས། གྲངས་གཞི་ཉོ་ཚོང་ཁང་། རྒྱལ་ཁབ་ཚོད་ལྟ་ཁང་སོགས་ཚན་པ། 3.ཀྲུང་དབྱང་ཁེ་ལས། 4.ལས་རིགས་མཐུན་ཚོགས་ཀྱི་ཚོང་ཚོགས། 5.རྒྱལ་ཁབ་ཀྱི་ཆ་འཕྲིན་ལྟེ་གནས་བཅས་ཚུད་ཡོད།
     (པ་ཕན་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)