འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་22ཉིན།

༄༅།།ཨུ་རུ་སུས་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱེད་མིན་ཐད་བཤད་དོན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་22ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་2ཚེས་21ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་གཏན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
     ཕེང་པོ་གསར་འགྱུར་ཁང་གི་གསར་འགོད་པས། ཨ་རིས་མནའ་འབྲེལ་རྒྱལ་ཁབ་ལ་ཨུ་རུ་སུས་ད་ལོར་བར་སྣང་ལ་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱེད་སྲིད་ཅེས་བཤད། ད་དུང་ཨུ་རུ་སུས་བར་སྣང་དུ་སྤྱོད་ཆོག་པ་དང་སྲུང་སྐར་གཏོར་བཤིག་གི་ནུས་པ་ལྡན་པའི་ཉིང་རྡུལ་མཚོན་ཆ་གསར་སྤེལ་བྱེད་བཞིན་ཡོད་ཅེས་བརྗོད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 
     “ཁྱེད་ཀྱིས་བཤད་པའི་ཨུ་རུ་སུས་བར་སྣང་དུ་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱེད་སྲིད་པའི་དོན་དེ་ཨུ་རུ་སུ་ཕྱོགས་ཀྱིས་ལན་བསློགས་ཡོད”། མའོ་ཉིང་གིས་ཨུ་རུ་སུས་ཐོག་མཐའ་བར་གསུམ་དུ་བར་སྣང་དུ་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱ་རྒྱུར་ངོ་རྒོལ་བྱེད་པར་མ་ཟད། ད་ཡོད་ཀྱི་གྲོས་མཐུན་ཚང་མར་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ནས་བརྗོད་ན། ང་ཚོའི་འབྲེལ་ཡོད་གནད་དོན་ཐད་ཀྱི་སྲིད་ཇུས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་ལ་ཧ་ཅང་གསལ་པོ་ཡིན་ཞེས་བཤད།