འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་22ཉིན།

༄༅།།ཁོང་འཛམ་གླིང་དངུལ་ཁང་གི་འགོ་འཛིན་ལ་བསྐོ་གཞག་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་22ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་2ཚེས་21ཉིན། གསར་འགོད་པས་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཨ་རིའི་ཝ་ཧྲིང་ཐིང་གི་དུས་ཚོད་2024ལོའི་ཟླ་2ཚེས་20ཉིན། འཛམ་གླིང་དངུལ་ཁང་གིས་ཀྲང་ཝུན་ཚའེ་ཡིས་འཛམ་གླིང་དངུལ་ཁང་གི་རྒྱུན་ལས་འགོ་འཛིན་གཞོན་པ་དང་དབུ་བཞུགས་སྲིད་འཛིན་དཔོན་ལ་བསྐོ་གཞག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། སྒྲིག་གཞིའི་འཐབ་ཇུས་དང་། འཆར་འགོད། སྔོན་རྩིས། ཆ་འཕྲིན་ལག་རྩལ་ཞབས་ཞུ། བཀག་སྡོམ་མ་ལག་སོགས་ཀྱི་འགན་འཁུར་རྒྱུ་རེད།