འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་22ཉིན།

༄༅།།གནམ་གྲུ་འདིར་ཆག་སྐྱོན་བྱུང་ནས་སར་འབབ་དགོས་བྱུང་། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་22ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་20ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་19ཉིན། ཨ་རིའི་མཉམ་འབྲེལ་མཁའ་འགྲུལ་ཀུང་སིའི་ཅིའུ་ཅིན་ཧྲན་ནས་པོ་ཧྲི་ཏུན་དུ་འཕུར་བའི་པོ་དབྱིན་757འགྲུལ་སྐྱེལ་གནམ་གྲུ་ཞིག་འཕུར་བའི་ལམ་བར་དུ་གཞོགས་གཅིག་གི་གཤོག་པར་ཆག་སྐྱོན་བྱུང་ནས་ཛ་དྲག་ངང་ཏན་ཧྥོ་རུ་འབབ་དགོས་བྱུང་། 
     ཨ་རིའི་མཉམ་འབྲེལ་མཁའ་འགྲུལ་ཀུང་སིས་འགྲུལ་སྐྱེལ་གནམ་གྲུ་དེར་འགྲུལ་པ་165བསྡད་ཡོད་པ་དང་། ཨ་རིའི་མཉམ་འབྲེལ་མཁའ་འགྲུལ་ཀུང་སིས་ད་རེས་ཀྱི་དོན་རྐྱེན་ནང་འགྲུལ་བར་རྨས་སྐྱོན་ཕོག་མེད། ཨ་རིའི་མཉམ་འབྲེལ་མཁའ་འགྲུལ་ཀུང་སིས་གནས་སྐབས་གནམ་གྲུའི་གཤོག་པའི་ལྷུ་ལག་ལ་སྐྱོན་ཤོར་བའི་རྒྱུ་རྐྱེན་གསལ་བཤད་བྱས་མེད། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་དོ་དམ་ཅུས་ཀྱིས་ཚེས་20ཉིན་བརྟག་དཔྱད་ནང་ཞུགས་ཡོད་ཅེས་བཤད།