འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་22ཉིན།

༄༅།།ཛ་དྲག་གི་དྲན་སྐུལ་བྱས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་22ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཧྥེ་གླིང་དབུས་མ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་ཟླ་2ཚེས་20ཉིན་སྤྱི་བསྒྲགས་སྤེལ་ནས། ཧྥེ་གླིང་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་གནས་བབ་ཛ་དྲག་ཅིང་རྙོག་འཛིང་ཆེ་བ་དང་། རྒྱལ་ས་པན་ཅི་ཕུད། ས་ཁུལ་གཞན་དག་དང་ལྷག་པར་དུ་ནུབ་རྒྱུད་ཀྱི་ཡ་ལུའོ་ཁའེ་ཡི་ཉེ་འགྲམ་ས་ཁུལ་དུ་བདེ་འཇགས་ཉེན་ཁའི་རིམ་པ་ཚང་མ་དམར་པོ་ཡིན་པས། ཉེན་ཁ་ཧ་ཅང་ཆེན་པོ་ཡོད་ཅེས་འཁོད་ཡོད། 
     ཧྥེ་གླིང་དབུས་མ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་སླར་ཡང་ཀྲུང་གོའི་སྤྱི་དམངས་ལ་རྒྱལ་ས་པན་ཅི་ཕུད་པའི་ས་ཁུལ་དང་ལྷག་པར་དུ་ཡ་ལུའོ་ཁའེ་ཡི་ཉེ་འགྲམ་ས་ཁུལ་དུ་བསྐྱོད་མི་རུང་བའི་དྲན་སྐུལ་བྱས་པ་རེད། ས་ཁུལ་གྱི་བདེ་འཇགས་གནས་བབ་མངོན་གསལ་དོད་པོས་སྡུག་ཏུ་འགྲོ་བའི་ས་ཁོངས་ཀྱི་སྒྲིག་གཞི་དང་་ཁེ་ལས། སྤྱི་དམངས་ཀྱིས་བྱ་ཐབས་ཏན་ཏིག་སྤྱད་དེ་གློ་བུར་དུ་ཐོན་པའི་དོན་རྐྱེན་གྱི་འཕྲལ་བསྟུན་སྔོན་ཇུས་ནན་ཏན་ངང་བཟོས་ནས། ཉེན་ཁ་ཡོད་པའི་ས་ཁོངས་ནས་གང་མགྱོགས་ཕྱིར་འཐེན་བྱེད་དགོས། ཧྥེ་གླིང་དབུས་མ་རུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་ངེས་པར་དུ་མི་སྒེར་གྱི་ཆ་འཕྲིན་ཐོ་འགོད་གང་མགྱོགས་བྱེད་དགོས།