འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་22ཉིན།

༄༅།།རླུང་ཆེན་ལྡང་བའི་ཉེན་བརྡ་བཏང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་22ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ་2ཚེས་22ཉིན་གྱི་ཆུ་ཚོད་06ཐོག མུ་མཐུད་དུ་རླུང་ཆེན་ལྡང་བའི་ཉེན་བརྡ་བཏང་གསལ་དུ། 
     སྔོན་དཔག་བྱས་ན། ཟླ་2ཚེས་22ཉིན་གྱི་ཆུ་ཚོད་08ནས་ཚེས་23ཉིན་གྱི་ཆུ་ཚོད་08བར། བོད་ལྗོངས་ཀྱི་དབུས་ནུབ་རྒྱུད་དང་། མཚོ་སྔོན་གྱི་ལྷོ་ནུབ་རྒྱུད། ལེའོ་ཤར་ཕྱེད་གླིང་། ཡུན་ནན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་རླུང་རིམ་པ་5ནས་6བར་དང་། ཐོལ་རླུང་རིམ་པ་7ནས་8བར་ཡོད་པ་དང་། པོའོ་ཧའེ་དང་པོའོ་ཧའེ་མཚོ་འགག རྒྱ་མཚོ་སེར་པོའི་ནུབ་རྒྱུད་ཀྱི་མཚོ་ཁོངས། ཤར་རྒྱ་མཚོའི་ནུབ་རྒྱུད་ཀྱི་མཚོ་ཁོངས། ཐའེ་ཝན་མཚོ་འགག ལྷོ་རྒྱ་མཚོའི་བྱང་ཤར་རྒྱུད་དུ་དྲག་རླུང་རིམ་པ་7ནས་8བར་ཡོད།
     འགོག་སྲུང་ཕྱོགས་སྟོན།
     1. ཀྲུང་དབྱང་གནམ་གཤིས་ལས་ཁུངས་དང་། ཀྲུང་གོའི་མཚོ་ཐོག་འཚོལ་སྐྱོབ་ལྟེ་གནས་ཀྱིས། རླུང་ཆེན་ལྡང་བའི་དབང་གིས་མཚོ་ཁོངས་སུ་འགྲུལ་སྐྱོད་དང་། ལས་ཀ་བྱེད་རྒྱུར་གནོད་ངེས་ཀྱི་མཚོ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས། 
     2.ནགས་ཚལ་དང་། རྩྭ་ཐང་། གྲོང་ཁུལ་བཅས་ཀྱི་མེ་ཟོན་སྡེ་ཁག་གིས་མེ་ཟོན་གྱི་གྲ་སྒྲིག་ཡག་པོར་བྱེད་དགོས་པ་དང་། གནམ་ཐང་དང་། ལྕགས་ལམ། གཞུང་ལམ་སོགས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ངེས་པར་དུ་བྱེད་ཐབས་སྤྱད་ནས། འགྲིམ་འགྲུལ་བདེ་འཇགས་འགན་སྲུང་བྱེད་དགོས། 
     3.མཁའ་དབྱིངས་དང་ཆུ་ཐོག་སོགས་ཕྱི་རུ་ལས་ཀ་བྱེད་པ་དང་སྤྲོ་གསེང་རོལ་རྩེད་བྱེད་སྒོ་སྤེལ་མཚམས་འཇོག་རྒྱུ་དང་། མཐའ་བསྐོར་པང་ལེབ་དང་། ཁེབས་སྒྲོམ་གྱི་བརྡ་ཁྱབ་བྱང་བུ། སྟབས་བདེའི་སྒྲིག་ཆས་སོགས་རླུང་གིས་འཁྱེར་སླ་བའི་བཟོ་སྐྲུན་དངོས་པོའི་རིགས་བརྟན་དུ་གཏོང་བའམ་ཡང་ན་བཀོད་སྒྲིག་འཚམ་པོར་བྱེད་དགོས། 
     4.ལམ་འགྲོ་བ་དང་རླངས་འཁོར་དག་བཟོ་སྐྲུན་དངོས་པོ་མཐོན་པོ་དང་བརྡ་ཁྱབ་བྱང་བུ་སོགས་གནས་སྐབས་ཀྱི་བཟོ་སྐྲུན་དངོས་པོའམ་ཡང་ན་ཤིང་སྡོང་འོག་ཏུ་འདུག་མི་རུང་།