འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་22ཉིན།

༄༅།།དཔྱིད་གསར་སྐྱེལ་འདྲེན་བྱས་ཚུན་རྒྱལ་ཡོངས་སུ་ལྕགས་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་3ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་22ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ“རྒྱལ་ཁབ་ལྕགས་ལམ་ཚོགས་པ”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱས་པར། ཟླ་1ཚེས་26ཉིན་ནས་དཔྱིད་གསར་སྐྱེལ་འདྲེན་བྱས་ཚུན་རྒྱལ་ཡོངས་སུ་ལྕགས་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་3ལྷག་ཙམ་ཟིན་ནས། བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྐྱེལ་འདྲེན་བྱས་ཡོད་པ་རེད། ཟླ་2ཚེས་19ཉིན་རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་1404.3སྐྱེལ་འདྲེན་བྱས་པ་དང་། ཟླ་2ཚེས་20ཉིན་རྒྱལ་ཡོངས་སུ་ལྕགས་ལམ་གྱི་འགྲུལ་རྒྱུན་མུ་མཐུད་འཕར་ནས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་1330སྐྱེལ་འདྲེན་བྱས་པ་དང་འགྲུལ་པའི་མེ་འཁོར་1716མང་དུ་བཏང་བ་རེད།
     ལྕགས་ལམ་12306གི་སྤ་སེ་སྔོན་ཚོང་གི་གནས་ཚུལ་ལས་བལྟས་ན། ཟླ་2ཚེས་20ཉིན་ཁྲེང་ཏུའུ་དང་། པེ་ཅིང་། ཀོང་ཀྲོའུ། ཁྲུང་ཆིང་། ཝུའུ་ཧན། ཤིས་ཨན། ཀྲེང་ཀྲོའུ། ཁྲང་ཧྲ། ཧྲང་ཧའེ། ཧང་ཀྲོའུ་སོགས་གྲོང་ཁྱེར་ནས་ཐོན་མཁན་འགྲུལ་པ་མང་བ་དང་། པེ་ཅིང་དང་། ཀོང་ཀྲོའུ། ཧྲང་ཧའེ། ཧྲེན་ཀྲེན། ཁྲེང་ཏུའུ། ཧང་ཀྲོའུ། ཤིས་ཨན། ཝུའུ་ཧན། ཁྲུང་ཆིང་། ནན་ཅིང་སོགས་གྲོང་ཁྱེར་དུ་འགྲུལ་པ་སླེབས་མཁན་མང་བ་ཡོད་པ་རེད།