འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་22ཉིན།

༄༅།།བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་སློབ་ཡོན་མི་དགོས་པའི་སྒྲ་སྙན་སྦྱོང་བརྡར་འཛིན་གྲྭ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་22ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་སྦྱོང་བརྡར་འཛིན་གྲྭའི་དགེ་རྒན་གྱིས་སློབ་ཕྲུག་ལ་སྒྲ་སྙན་སློབ་བཞིན་པ།
འདི་ནི་སྦྱོང་བརྡར་འཛིན་གྲྭའི་དགེ་རྒན་གྱིས་སློབ་ཕྲུག་ལ་སྒྲ་སྙན་སློབ་བཞིན་པ། 
     འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། རིག་གནས་བྱ་གཞག་དར་རྒྱས་གཏོང་བ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། ཕུལ་བྱུང་གི་དམངས་ཁྲོད་སྒྱུ་རྩལ་མཁས་པ་སྔར་ལས་མང་བ་སྔོག་འདོན་དང་གསོ་སྐྱོང་བཅས་ཀྱི་ཆེད། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གཙང་འགྲམ་སྡེ་ཁུལ་དུ“སྐུད་པ་དམར་པོ”ཞེས་པའི་སྤྱི་ཕན་དང་བླངས་ཞབས་ཞུའི་སྒྲ་སྙན་སྦྱོང་བརྡར་འཛིན་གྲྭ་བཙུགས་ཤིང་། མིག་སྔའི་བར་ཁྱོན་སློབ་ཁྲིད་ཐེངས་136བྱས་པ་དང་། རིམ་རྩིས་བྱས་ན་འཁྲབ་སྟོན་ཐེངས་24བྱས་པ། ད་ལོའི་དགུན་ཁའི་གུང་གསེང་རིང་སློབ་ཁྲིད་ཐེངས་12བྱས་ཡོད་པ་རེད།