འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་21ཉིན།

༄༅།།སྟག་རྒན་འདི་བཟུང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་21ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཧྲན་ཞི་ཞིང་ཆེན་དབྱང་ཆོན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་། གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ་ཧན་ཅ་ཀྲེང(ཐིང་རིམ་གཞོན་པ)ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ། ཧྲན་ཞི་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད། ཧྲན་ཞི་ཞིང་ཆེན་གྱི་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྤྲོད་བྱེད་ཁོངས་དམིགས་འཛུགས་བྱས་པ་བརྒྱུད། ཡུན་ཁྲེང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་ནས་ཁྲིམས་སྦྱོར་བྱ་རྒྱུ། ཉིན་ཤས་གོང་། ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་ཀྱི་ཐོག་ནས་ཡུན་ཁྲེང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཧན་ཅ་ཀྲེང་འཛིན་རྒྱུའི་ཐག་བཅད། གྱོད་གཞི་འདི་ཐག་གཅོད་བྱེད་བཞིན་པའི་སྒང་རེད།